- dkon mchog gi drung du rang rtags rang gis blang /
- ID:
- T5265
- དཀོན་མཆོག་གི་དྲུང་དུ་རང་རྟགས་རང་གིས་བླང (Tibetan, Tibetan script, Original)
- > dkon mchog gi drung du rang rtags rang gis blang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > könchok gidrung durang takrang gilang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
དེ་སྔོན་དུས་རབས་བཅུ་པའི་འགོ་སྟོད་དུ་མངའ་རིས་ཁུལ་ནང་བསྟན་ཆོས་ལུགས་བསྐྱར་གསོ་མ་བྱུང་གོང་དུ་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཆོས་ལ་དད་པ་ཧ་ཅང་ཆེ་བར་བརྟེན། རབ་བྱུང་གནང་འདོད་ཆེ་ཡང་སྡོམ་པ་ཞུ་ཡུལ་མེད་སྟབས་སྟོན་པའི་སྐུ་བརྙན་གྱི་མདུན་དུ་རབ་བྱུང་གི་ཆས་གོས་བཞེས་ནས་བཙུན་པའི་གཟུགས་སུ་བསྒྱུར་གནང་མཛད། མཚན་ཡང་ཡེ་ཤེས་འོད་དུ་བསྒྱུར། རྗེས་སུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པྰ་ལ་སྤྱན་དྲངས་ནས་སྡོམ་རྒྱུན་སྤེལ་སྐབས་གཞན་དག་དང་མཉམ་དུ་སྡོམ་པ་ཞུ་བ་ཡིན་ཞེས《དེབ་སྔོན》དུ་གསལ། མཁས་དབང་སྔོན་བྱོན་འགའ་ཞིག་གིས་གོང་གསལ་ཤོད་ཚུལ་དེ་མ་དག་རྒྱུན་འབྱམས་ཡིན་པ་དང་། དགུང་ལོ་མཐོན་པོར་མ་ཕེབས་བར་དུ་སྲིད་བསྐྱངས་ནས་རྗེས་སུ་སྲས་ལ་སྲིད་སྐྱོང་དུ་མངའ་གསོལ་ཏེ་པཎྜི་ཏ་ཛྙ་ན་ཤྲིའི་དྲུང་དུ་ཁྲི་ཐང་པ་ཡེ་ཤེས་བཟང་པོ་དང་མཉམ་དུ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། མཁན་པོ་ཛྙ་ན་ཤྲིས་ཁོང་གཉིས་ལ་མཚན་ཟུར་ཡེ་ཤེས་ཡོད་པ་འདོགས་གནང་མཛད་པས་ཁྲི་ཐང་པ་ལ་ཡེ་ཤེས་བཟང་པོ་དང་། ལྷ་བླ་མར་ཡེ་ཤེས་འོད་ཅེས་མཚན་ཐོགས་པ་ཡིན་ཞེས་གསུངས་པས་གསུངས་ཚུལ་དེ་གཉིས་གང་ཁུངས་བཙན་མིན་བརྟག
- language:
- Tibetan
3. Thupten Phuntsok Dictionary
དེ་སྔོན་དུས་རབས་བཅུ་པའི་འགོ་སྟོད་དུ་མངའ་རིས་ཁུལ་ནང་བསྟན་ཆོས་ལུགས་བསྐྱར་གསོ་མ་བྱུང་གོང་དུ་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཆོས་ལ་དད་པ་ཧ་ཅང་ཆེ་བར་བརྟེན། རབ་བྱུང་གནང་འདོད་ཆེ་ཡང་སྡོམ་པས་ཞུ་ཡུལ་མེད་སྟབས་སྟོན་པའི་སྐུ་བརྙན་གྱི་མདུན་དུ་རབ་བྱུང་གི་ཆས་གོས་བཞེས་ནས་བཙུན་པའི་གཟུགས་སུ་བསྒྱུར་གནང་མཛད། མཚན་ཡང་ཡེ་ཤེས་འོད་དུ་བསྒྱུར། རྗེས་སུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་སྡོམ་རྒྱུན་སྤེལ་སྐབས་གཞན་དག་དང་མཉམ་དུ་སྡོམ་པ་ཞུ་བ་ཡིན་ཞེས་དེབ་སྔོན་དུ་གསལ། མཁས་དབང་སྔོན་བྱོན་འགའ་ཞིག་གིས་གོང་གསལ་ཤོད་ཚུལ་དེ་མ་དག་རྒྱུན་འབྱམས་ཡིན་པ་དང་། དགུང་ལོ་མཐོན་པོར་མ་ཕེབས་བར་དུ་སྲིད་བསྐྱངས་ནས་རྗེས་སུ་སྲས་ལ་སྲིད་སྐྱོང་དུ་མངའ་གསོལ་ཏེ་པཎྜི་ཏ་ཛྙ་ན་ཤྲིའི་དྲུང་དུ་ཁྲི་ཐང་པ་ཡེ་ཤེས་བཟང་པོ་དང་མཉམ་དུ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། མཁན་པོ་ཛྙ་ན་ཤྲིས་ཁོང་གཉིས་ལ་མཚན་ཟུར་ཡེ་ཤེས་ཡོད་པ་འདོགས་གནང་མཛད་པས་ཁྲི་ཐང་པ་ལ་ཡེ་ཤེས་བཟང་པོ་དང་། ལྷ་བླ་མར་ཡེ་ཤེས་འོད་ཅེས་མཚན་ཐོགས་པ་ཡིན་ཞེས་གསུངས་པས་གསུངས་ཚུལ་དེ་གཉིས་གང་ཁུངས་བཙན་མིན་བརྟག
- language:
- Tibetan