- dkar po yar 'dren/
- ID:
- T5012
- དཀར་པོ་ཡར་འདྲེན (Tibetan, Tibetan script, Original)
- > dkar po yar 'dren/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > karpo yandren (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
glo sman dkar po yar 'dren. a medicinal preparation. BP 216.2.
- language:
- English
2. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་རི་ཤོའི་གབ་མིང་ཞིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། དཀར་པོ་ཡར་འདྲེན་ནི། རི་ཤོའི་གབ་མིང་སྟེ། ངེས་ཚིག་ནི་སྣོད་མཁྲིས་རྒྱས་པའི་ནད་རྣམས་གྱེན་དུ་འདྲེན་ཅིང་སྐྱུག་པར་བྱེད་ནུས་པས་ན་དཔེ་རི་ཤོ་དེད་དཔོན་དཀར་པོ་ཡར་འདྲེན་གྱི་གཟུགས་སུ་བཀོད་པའོ། །ཞེས་དང་། ཀརྨ་པ་རང་བྱུང་རྡོ་རྗེས། དཀར་པོ་ཡར་འདྲེན་དགེ་འདུན་སྐྱེས། འདྲེན་གྱི་གཙོ་བོ་སྐྱུག་སྨན་མཆོག དོན་གཅིག་རི་ཤོའི་མིང་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan