Skip to main content Skip to search
klu khang /
ID:
T4202
  • ཀླུ་ཁང (Tibetan, Tibetan script, Original)
    • > klu khang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lukhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

naga protector temple, behind Potala in Lhasa. residence of nagas, built by the 6th Dalai Lama

language:
English

2. Ives Waldo Dictionary

1) naga palace; 2) naga protector temple [behind potala in lhasa residence of nagas, built by the 6th Dalai Lama))

language:
English

3. Jim Valby Dictionary

residence of klu at bottom of sea or lake

language:
English

4. bod rgya tshig mdzod chen mo

[42] ཀླུ་གནས་སའི་ཕོ་བྲང། ...

language:
English

5. dung dkar bod rig pa'i tshig mdzod chen mo

(རྫོང་རྒྱབ་ཀླུ་ཁང་ཡང་ཟེར)འདི་ནི་ཕོ་བྲང་པོ་ཏ་ལའི་རྒྱབ་ཤོད་དུ་གནས་ཤིང་། དེ་ཡང་ཕྱོགས་མཐའ་ལྕང་གླིང་ལྡན་པའི་དབུས་སུ་རྒྱ་ཁྱོན་ཆེ་ཙམ་གྱི་མཚེའུ་ལྟ་བུའི་དཀྱིལ་ཆུ་དང་ཆུ་དཀྱིལ་དུ་ཕོ་བྲང་ཆུང་ངུ་ཞིག་བཞེངས་ཡོད་པ་ཞིག་ཡིན། ངག་རྒྱུན་ལྟར་ན་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་མལ་གྲོ་གུང་དཀར་ནས་ཀླུ་རྒྱལ་མལ་གྲོ་གཟི་ཅན་དང་བཅས་པའི་ཀླུ་ཆེན་བརྒྱད་འདིའི་ནང་དུ་སྤྱན་དྲངས་པ་ལས་མཚན་དུ་ཀླུ་ཁང་བཞེས་གསོལ། ཀླུ་ཁང་འདིའི་ཆུ་དཀྱིལ་ཕོ་བྲང་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་བཀའ་བཀོད་ལྟར་སྐབས་དེར་བཞེངས་པ་དང་། དེའི་ཆུ་རྣམས་ནི་དེ་བས་སྔ་བ་ཡོད་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་རྩེ་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་སྐབས་དང་དེ་རྗེས་ཀྱི་སྡེ་པ་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་སྐབས་གཉིས་སུ་ད་ལྟའི་ཀླུ་ཁང་གི་ས་གཞི་འདི་ནས་འཛུགས་སྐྲུན་ལ་མཁོ་བའི་ས་འབོར་ཆེན་བཏོན་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཆགས་པ་ལས་ད་ལྟའི་ཆུ་འཁྱིལ་ཡུལ་འདི་ཆགས་ཚུལ་འདུག་། ཀླུ་ཁང་འདིའི་གཞི་ཁྱོན་ནི་གྲུ་བཞི་ཤོ་འདྲ་རང་མིན་པར་གསང་སྔགས་ཀྱི་གཞུང་ནང་བཤད་པའི་ཀླུའི་དཀྱིལ་འཁོར་གྱི་བཀོད་པ་ལྟར་ཟུར་ཆ་མང་བའི་རྒྱན་སྤྲོས་ཅན་ཡིན་པ་ལ་མཐའ་འཁོར་ལྕང་གླིང་གིས་བརྒྱན་འདུག་པས་དེའི་ཤར་ནུབ་དབར་སྤྱི་ཁྲེ༦༡༠འདུག་པ་དང་ལྷོ་བྱང་དབར་སྤྱིཁྲེ༢༠༥འདུག་ཅིང་། དབུས་ཀྱི་ཆུ་འཁྱིལ་རྒྱ་ཁྱོན་དུ་ཤར་ནུབ་དབར་སྤྱི་ཁྲེ༢༧༠དང་ལྷོ་བྱང་དབར་སྤྱི་ཁྲེ༡༡༢ཙམ་འདུག་པ་དང་། ཆུ་དཀྱིལ་ཕོ་བྲང་ཆུང་བའི་ཁོར་ཡུག་གི་རྒྱ་ཁྱོན་ལ་སྤྱི་ཁྲེ༤༢ལྡན་པའི་དབྱིབས་ཅུང་ནར་ཙམ་ཞིག་འདུག། ཆུ་དཀྱིལ་ཕོ་བྲང་ནི་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ཀླུའི་དཀྱིལ་འཁོར་གྱི་བཀོད་པ་དང་མཐུན་པར་ཐོག་བརྩེགས་གསུམ་ལྡན་ཞིག་ཡིན་ཅིང་། ཐོག་བརྩེགས་དང་པོའི་དབྱིབས་རྒྱ་གྲམ་གཟུགས་ཡིན་པའི་དབུས་སུ་ཀ་བ་བཞིའི་མཆོད་ཁང་ཆུང་ངུ་ཞིག་དང་སྐོར་ལམ་ལྡན། ཐོག་བརྩེགས་གཉིས་པ་དང་གསུམ་པ་གཉིས་གྲུ་བཞི་འདྲ་མཚུངས་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ༣༧༠༠ལྷག་ཙམ་དང་ནང་དུ་མཆོད་ཁང་ཀ་བཞི་རེའི་ས་དང་སྐོར་ལམ་བཅས་འདུག། གསུམ་ཐོག་གི་ཡང་སྟེང་ཟུར་དྲུག་དབྱིབས་ལ་རྒྱ་ཕིབས་དང་གཉྫི་རས་བརྒྱན་པ་ཞིག་ཡིན། ཕྱི་ནང་ཀུནབརྐོས་དཀྲོལ་དང་། ལྷག་པར་དུ་ལྡེབས་བྲིས་ལ་སློབ་དཔོན་པདྨས་དྲེག་པ་དམ་ལ་བཏགས་པ་དང་། པདྨ་འོད་འབར་གྱི་རྣམ་ཐར་སོགས་ཀྱི་མཛེས་རིས་རིན་ཐང་བྲལ་བ་སོགས་ཨར་བསྐྲུན་གྱི་ཇུས་འགོད་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཙམ་ཡིན་པ་མངོན་ཐུབ། ཆུ་དཀྱིལ་ཕོ་བྲང་དང་དེའི་ལྷོར་ཟམ་མིག་ལྔ་ལྡན་གྱི་རྡོ་ཟམ་གུག་པོ་གཞུ་དབྱིབས་འདྲ་བ་ཞིག་ཡོད་པའི་རིང་ཐུང་ལ་སྤྱི་ཁྲེ༢༤༦༧དང་ཞེང་ལ་སྤྱི་ཁྲེ༣༥འདུག་པ་དེ་བརྒྱུད་ནས་ཕོ་བྲང་གི་འདབས་སྟེང་ནས་ལྟ་དུས་མཐའ་འཁོར་གི་ལྕང་གླིང་ཆུ་དང་བཅས་པའི་མཛེས་ལྗོངས་འདི་ནི་ལྟ་བས་མི་ངོམས་ཤིང་ཡིད་དབང་འཕྲོག་པའི་སྤྲོ་འཆམ་བྱེད་ཡུལ་ཞིག་སྣང་། ཀླུ་ཁང་འདིར་ལོ་ལྟར་ས་ཟླའི་ཚེས༡༥ཉིན་མང་ཚོགས་ཀྱིས་དགའ་སྤྲོའི་རྣམ་པས་ཀོ་གྲུར་བསྡད་དེ་སྐོར་བ་བྱེད་པ་དང་གླུ་གར་གྱིས་མཆོད་བཞིན་འགྲོ་བ་རེད། རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཀླུ་ཁང་འདིར་ཉམས་གསོ་གནང་བས་མ་ཚད། ཆུ་དཀྱིལ་ཕོ་བྲང་ནས་ཐད་དྲངས་པའི་ལྷོ་ནུབ་ཏུ་སྤྱི་ཁྲེ་བཅུ་ཙམ་གྱི་སར་གོར་ཁ་མགོ་བཏགས་རྗེས་(མན་ཇུས)ཏཱ་ལའི་བླ་མར་ཕུལ་བའི་གླང་པོ་ཆེ་བཞི་ཡོད་པར་གླང་ཁང་བརྒྱབ་ནས་མིང་དུ་ཕུན་ཚོགས་ར་བ་ཞེས་བཏགས་པ་དང་འབྲེལ་གླང་པོ་ཆེ་རྣམས་ཀླུ་རྒྱལ་མལ་དྲོ་གཟི་ཅན་གྱི་སྤྱན་གཟིགས་སུ་ཕུལ་ཏེ་གླང་རྫི་དང་གླིང་སྲུང་བསྐོས་པ་རེད། དེ་ནས་ལོ་མང་པོ་འདས་རྐྱེན་ཀླུ་ཁང་ནང་གི་ལམ་བུ་ཐོར་བའམ་ལྕང་མ་ལ་སོགས་པར་ཉམས་ཆག་སོང་ཡོད་གཤིས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་སླར་ཡང་ཉམས་གསོ་གནང་ཡོད། བཅིངས་འགྲོལ་བཏང་རྗེས་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གྲགས་ཅན་ཁག་ལ་དོ་སྣང་ཤིན་ཏུ་ཆེན་པོ་གནང་སྟབས་ཀླུ་ཁང་འདི་ལའང་འོས་འཚམ་གྱི་སྲུང་སྐྱོང་བྱུང་ཡོད་པ་དང་། རབ་བྱུང་བཅུ་དྲུག་པའི་མེ་ལུག(༡༩༦༥)ལོར་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་གཞི་དང་བསྟུན་ནས་དེ་སྔ་པོ་ཏ་ལའི་མདུན་ངོས་ཀྱི་རྒྱལ་པོས་མཛད་པའི་ལྷིང་འཇགས་བཏང་བའི་རྡོ་རིང་དང་དམག་རྗེས་བཅུ་འཛོམས་བཀོད་པའི་རྡོ་རིང་གཉིས་ཀླུ་ཁང་གི་ཤར་དུ་སྤོས་པ་དང་། ལྕགས་སྤྲེལ(༡༩༨༠)ལོར་མི་དམངས་སྲིད་གཞུང་གིས་ཆེད་དུ་དངུལ་བཏང་ནས་ཀླུ་ཁང་འདིར་གཞི་རྒྱ་ཆེ་ཙམ་གྱི་ཉམས་གསོ་བྱས་ཡོད་པ་དང་། རྗེས་སུ་སླར་ཡང་ཤིང་བྱི(༡༩༨༤)ལོ་ནས་འགོ་བཙུགས་ཏེ་སྲིད་གཞུང་གིས་ཀླུ་ཁང་ལ་གཞི་རྒྱ་ཆེ་བའི་ཉམས་གསོ་བྱས་ཏེ་དེང་དུས་ཀྱི་རྣམ་པ་ལྡན་པའི་སྤྱི་གླིང་ཆེ་གྲས་ཤིག་ཏུ་གྱུར་ཡོད།

language:
Tibetan

6. Thupten Phuntsok Dictionary

ཀླུ་གནས་སའི་ཕོ་བྲང་།

language:
Tibetan

7. smon lam tshig mdzod chen mo

ཀླུ་གནས་སའི་ཕོ་བྲང༌།

language:
Tibetan

8. Negi Tibetan-Sanskrit Dictionary

= ཀླུ་གནས།

language:
Sanskrit