- klad snying /
- ID:
- T4107
- ཀླད་སྙིང (Tibetan, Tibetan script, Original)
- > klad snying / (Tibetan, Latin script, Transliteration-THL Extended Wylie Transliteration)
- > lenying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
མགོ་བོའི་ཀླད་པ་ཟླུམ་ཕྱེད་གཉིས་སུ་གྲུབ་པའི་ཡ་གྱལ་མགོ་བོའི་རྒྱབ་ངོས་བདུད་སྒོའི་ཐད་དུ་ཆགས་པའི་ཀླད་པའི་ཆ་ཤས་ཀྱི་མིང་སྟེ། རྗེ་ཟུར་མཁར་བས། ཀླད་ཆེན་མགོ་བོའི་མདུན་ན་གནས། ཀླད་སྙིང་རྒྱུངས་པའི་གོང་ན་ཆགས། ཤིན་ཏུ་གཉན་པས་ཀླད་སྙིང་ཟེར། ཞེས་དང་། ཟླ་བའི་རྒྱལ་པོ་ལས། ཀླད་པ་དང་ནི་ཀླད་སྙིང་ངོ་། །ཀླད་སྙིང་རྟ་མིག་ཕྱེད་པ་འདྲ། མིག་དང་རྣ་བ་སྣ་དང་ལྕེ། རྩ་རྒྱུས་ཆུ་བ་དེ་དང་འབྲེལ། འཕར་རྩ་བཞི་དང་གྲོགས་རྩ་བཞི། རྒྱུས་པ་བཞི་དང་ཆུ་བ་བཞི། །ཀླད་པ་སྙིང་དང་འབྲེལ་བ་སྟེ། ལ་ལ་ཀླད་པའི་རྒྱ་ཡང་ཟེར། དབུས་ན་ས་བོན་བཅུད་ཀྱི་རྩ། ལུས་ཀྱི་བདེ་བ་རྒྱས་པར་བྱེད། སྲོག་དང་སེམས་ནི་འདྲེས་པའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan