- kri ya don gyi lha drug
- ID:
- T3869
- ཀྲི་ཡ་དོན་གྱི་ལྷ་དྲུག (Tibetan, Tibetan script, Original)
- > kri ya don gyi lha drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > triya döngyi lhadruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
གསང་སྔགས་སྔ་འགྱུར་གྱི་གཞུང་འགའ་ཞིག་ལས་ཀྲི་ཡ་དོན་གྱི་ལྷ་དྲུག་ཅེས་གསུངས་པ་ཡོངས་གྲགས་སུ་བྱ་རྒྱུད་ལྷ་དྲུག་ཅེས་པ་དེ་ཡིན་ཅིང་། དེ་ནི། ༡དོན་དམ་པའི་ལྷའམ་སྟོང་པ་ཉིད་ཀྱི་ལྷ་སྟེ་གསང་སྔགས་སྔ་འགྱུར་གྱི་གཞུང་རྣམས་ལས་ཆོས་དབྱིངས་ཀྱི་ལྷ་ཞེས་བརྗོད་པ། ༢ཡི་གེའི་ལྷ་སྟེ་སྔ་འགྱུར་གྱི་གཞུང་ལས་ཡིག་འབྲུའི་ལྷ་ཞེས་གསུངས། ༣སྒྲའི་ལྷ་འདི་ནི་གསང་སྔགས་གསར་རྙིང་གཉིས་ཀར་ཐ་སྙད་གཅིག་མཚུངས་སུ་ཡོད། ༤ཕྱག་མཚན་གྱི་ལྷ་འདི་ཡང་གསང་སྔགས་གསར་རྙིང་གཉིས་ཀའི་ཐ་སྙད་གཅིག་མཚུངས་ཡིན། ༥་མཚནམའི་ལྷ་གསང་སྔགས་སྔ་འགྱུར་གྱི་གཞུང་ལས། འདིའིཚབ་ཏུ་གདན་གྱི་ལྷ་ཞེས་ཐ་སྙད་དང་ནང་དོན་གཉིས་ཀ་མི་མཚུངས། ༦་གཟུགས་ཀྱི་ལྷ་འདི་ལ་གསང་སྔགས་སྔ་འགྱུར་གྱི་གཞུང་ལས་སྐུའི་ལྷ་ཞེས་གསལ་བ་ཐ་སྙད་ཕྲན་བུ་མི་འདྲ་ཡང་གོ་དོན་གཅིག་མཚུངས་སུ་ཡོད། ལྷ་དྲུག་སོ་སོའི་ངོ་སྤྲོད་སྐོར་གཤམ་གྱི་བྱ་རྒྱུད་ལྷ་དྲུག་ཅེས་པའི་སྐབས་སུ་གསལ།
- language:
- Tibetan
- enumeration:
- 6
4. Thupten Phuntsok Dictionary
གསང་སྔགས་སྔ་འགྱུར་གྱི་གཞུང་འགའ་ཞིག་ལས་ཀྲི་ཡ་དོན་གྱི་ལྷ་དྲུག་ཅེས་གསུངས་པ་ཡོངས་གྲགས་སུ་བྱ་རྒྱུད་ལྷ་དྲུག་ཅེས་པ་དེ་ཡིན་ཅིང་། དེ་ནི། ༡ དོན་དམ་པའི་ལྷའམ་སྟོང་པ་ཉིད་ཀྱི་ལྷ་སྟེ་གསང་སྔགས་སྔ་འགྱུར་གྱི་གཞུང་རྣམས་ལས་ཆོས་དབྱིངས་ཀྱི་ལྷ་ཞེས་བརྗོད་པ། ༢ ཡི་གེའི་ལྷ་སྟེ་སྔ་འགྱུར་གྱི་གཞུང་ལས་ཡིག་འབྲུའི་ལྷ་ཞེས་གསུངས། ༣ སྒྲའི་ལྷ་འདི་ནི་གསང་སྔགས་གསར་རྙིང་གཉིས་ཀར་ཐ་སྙད་གཅིག་མཚུངས་སུ་ཡོད། ༤ ཕྱག་མཚན་གྱི་ལྷ་འདི་ཡང་གསང་སྔགས་གསར་རྙིང་གཉིས་ཀའི་ཐ་སྙད་གཅིག་མཚུངས་ཡིན། ༥ མཚན་མའི་ལྷ་གསང་སྔགས་སྔ་འགྱུར་གྱི་གཞུང་ལས། འདིའི་ཚབ་ཏུ་གདན་གྱི་ལྷ་ཞེས་ཐ་སྙད་དང་ནང་དོན་གཉིས་ཀ་མི་མཚུངས། ༦ གཟུགས་ཀྱི་ལྷ་འདི་ལ་གསང་སྔགས་སྔ་འགྱུར་གྱི་གཞུང་ལས་སྐུའི་ལྷ་ཞེས་གསལ་བ་ཐ་སྙད་ཕྲན་བུ་མི་འདྲ་ཡང་གོ་དོན་གཅིག་མཚུངས་སུ་ཡོད། ལྷ་དྲུག་སོ་སོའི་ངོ་སྤྲོད་སྐོར་གཤམ་གྱི་བྱ་རྒྱུད་ལྷ་དྲུག་ཅེས་པའི་སྐབས་སུ་གསལ།
- language:
- Tibetan
- Contemplative Traditions:
- Tantra-Based Meditative Systems and Techniques:
- Visualization: