- dge 'dun nyi shu/
- ID:
- T32602
- དགེ་འདུན་ཉི་ཤུ (Tibetan, Tibetan script, Original)
- > dge 'dun nyi shu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gendün nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
twenty kinds of saints; the twenty kinds of practitioners, saints
- language:
- English
2. Ives Waldo Dictionary
-
the 20 kinds of practitioners/sangha [dge 'dun jewel mtshon byed dpe'i dge 'dun 20: rgyun zhugs lnga, phyir 'ong gsum, phyir mi 'ong bcu, dgra bcom zhugs pa, rhinoceros like bse ru lta bu'i rang sangs rgyas]
- language:
- English
-
the 20 kinds of practitioners/sangha
- language:
- English
3. bod rgya tshig mdzod chen mo
[449] དགེ་འདུན་དཀོན་མཆོག་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་སྟེ། རྒྱུན་ཞུགས་ལྔ་དང། ཕྱིར་འོང་གསུམ། ཕྱིར་མི་འོང་བཅུ། དགྲ་བཅོམ་ཞུགས་པ། བསེ་རུ་ལྟ་བུའི་རང་སངས་རྒྱས་བཅས་ཉི་ཤུ་ཐམ་པའོ། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
དགེ་འདུན་དཀོན་མཆོག་མཆོན་བྱེད་ཀྱི་དཔེའི་དགེ་འདུན་ཉི་ཤུ་སྟེ། རྒྱུན་ཞུགས་ཞུགས་པ་གཉིས། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་པ། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་འབྲས་གནས་གཉིས། ཕྱིར་མི་འོང་ཞུགས་པ། ཕྱིར་མི་འོང་འབྲས་གནས་དགུདགྲ་བཅོམ་ཞུགས་པ། བསེ་རུ་ལྟ་བུའི་རང་སངས་རྒྱས་བཅས་ཉི་ཤུ་ཐམ་པའོ། དེ་ཡང་རྒྱུན་ཞུགས་ཞུགས་པ་གཉིས་ནི། རྒྱུན་ཞུགས་ཞུགས་པ་དབང་བརྟུལ་དད་པའི་རྗེས་འབྲངས་དང༌། རྒྱུན་ཞུགས་ཞུགས་པ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་གཉིས་ཏེ། དང་པོ་ནི་དད་པ་ཙམ་གྱི་རྗེས་འབྲངས་པའོ། གཉིས་པ་ནི། རང་གི་ཤེས་རབ་ཀྱིས་དཔྱད་པའོ། རྒྱུན་ཞུགས་འབྲས་གནས་ནི། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག ཕྱིར་འོང་ཞུགས་པ་ནི། འདོད་ཁམས་སུ་ལན་ཅིག་ཕྱིར་འོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་བརྩོན་ཞིང་ཞུགསེ་པའི་གང་ཟག རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས་ནི། ལྷའི་རིགས་ནས་རིགས་སྐྱེ་དང༌། མིའི་རིགས་ནས་རིགས་སྐྱེ་གཉིས་ཏེ། དང་པོ་ནི། འདོད་ལྷའི་རིགས་མཐུན་གྱི་སྐྱེ་སྲིད་ལན་གཉིས་ལེན་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། གཉིས་པ་ནི། མིའི་རིགས་མཐུན་གྱི་སྐྱེ་སྲིད་ལན་གཉིས་ལེན་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། ཕྱིར་འོང་འབྲས་གནས་གཉིས་ནི། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དང༌། ཕྱིར་འོང་འབྲས་གནས་ཙམ་པོ་བ་གཉིས་ཏེ། དང་པོ་ནི་འདོད་སྲེད་མངོན་གྱུར་པ་བདུན་པའམ་བརྒྱད་པ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག གཉིས་པ་ནི་ཁམས་གོང་མའི་ཉོན་མོངས་སྤོང་བ་ལ་མི་བརྩོན་པའི་གང་ཟག ཕྱིར་མི་འོང་ཞུགས་པ་ནི། འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་འིང་ཞུགས་པའི་གང་ཟག ཕྱིར་མི་འོང་བའི་འབྲས་གནས་དགུ་ནི། ཕྱིར་མི་འོང་བར་འདའ་བ་དང༌། སྐྱེ་ཙམ་ནས་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། གོང་འཕོ་བ་གསུམ། མཐོང་ཆོས་ཞི། ལུས་མངོན་བྱེད་བཅས་དགུ་སྟེ། དང་པོ་ནི། འདོད་པ་ནས་འི་འཕོས་ཏེ། ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གཞན་བཅུ་དྲུག་གི་བར་དོ་ལ་སྐྱེས་ནས་རྟེན་དེ་རང་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་པ། གཉིས་པ་ནི། དེ་ལྟ་བུའི་གཟུགས་ཁམས་གཞན་བཅུ་དྲུག་གང་རུང་གི་རྟེན་ལ་སྐྱེས་པ་ཙམ་གྱི་སྐད་ཅིག་གཉིས་པའི་དུས་སུ་མྱང་འདས་མངོན་དུ་བྱེད་པའི་སྐྱེ་འདའ་བ། གསུམ་པ་ནི། དེ་ལྟ་བུའི་རྟེན་དེ་རྣམས་སུ་སྐྱེས་ནས་ལམ་ལ་ཞུགས་པ་ཙམ་ལས་འབད་རྩོལ་རགས་པ་ལ་མི་ལྟོས་པར་མྱང་འདས་མངོན་དུ་བྱེད་པའི་སྐྱེས་འདའ་བ། བཞི་པ་ནི། དེར་སྐྱེས་ནས་འབད་རྩོལ་རགས་པ་དང་བཅས་ཏེ་མྱང་འདས་མངོན་དུ་བྱེད་པའི་སྐྱེས་འདའ་བ། གོང་དུ་འཕོ་བ་གསུམ་ནི། འཕར་བ་དང༌། ཕྱེད་འཕར་བ། གནས་ཐམས་ཅད་དུ་འཕོ་བ་བཅས་གསུམ་མོ། དེ་དག་ལས་ལྔ་པ་འཕར་བ་ནི། འདོད་པ་ནས་ཤི་འཕོས་ཏེ་ཚངས་རིས་སུ་སྐྱེས། དེ་ལས་ཤི་འཕོས་ནས་འོག་མིན་གྱི་རྟེན་དུ་འཕར་ཏེ་སྐྱེས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། དྲུག་པ་ཕྱེད་འཕར་བ་ནི། འདོད་པ་ནས་ཤི་འཕོས་ནས་ཚངས་རིས་སུ་སྐྱེས། དེ་ནས་ཤི་འཕོས་ནས་གནས་གཙང་ལྔའི་དང་པོ་གསུམ་གང་རུང་དུ་སྐྱེས། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པའོ། བདུན་པ་གནས་ཐམས་ཅད་དུ་འཕོ་བ་ནི། འདོད་པ་ནས་ཤི་འཕོས་ནས་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིས་བཅུ་དྲུག་གི་གནས་ཐམས་ཅད་དུ་རིམ་གྱིས་སྐྱེས་ཤིང་ཤི་འཕོས་ནས་མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། ལྔ་པ་དྲུག་པ་བདུན་པ་གསུམ་ལ་གོང་དུ་འཕོ་བ་གསུམ་ཞེས་ཟེར་རོ། བརྒྱད་པ་ནི། མཐོང་ལམ་ཐོབ་པའི་ཚེ་དེ་རང་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་བ། དགུ་པ་ནི། འགོག་སྙོམས་ཐོབ་ལ་མ་ཉམས་པའི་ཕྱིར་མི་འོང་པ་བཅས་སོ། དགྲ་བཅོམ་ཞུགས་པ་ནི། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་མཐའ་དག་སྤོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་ཞིང་ཞུགས་པའི་གང་ཟག་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་ཉན་ཐོས་ཀྱི་ལམ་སྔོན་དུ་མ་བཏང་ཞིང༌། སངས་རྒྱས་འབྱུང་བ་མེད་པར་དུད་འགྲོ་བསེ་རུ་ལ་རྭ་གཅིག་ལས་མེད་པ་ལྟར་རང་ཉིད་གཅིག་པུར་གནས་ཏེ་རང་གི་བྱང་ཆུབ་རང་གི་ཤེས་རབ་རྩལ་གྱིས་མངོན་དུ་བྱེད་པ་ཞིག་བཅས་ཉི་ཤུ་ཐམ་པའོ། མཆོན་བྱ་དོན་གྱི་དགེ་འདུན་བྱང་སེམས་སྔ་མ་དག་གི་མིང་ཅན་ཉི་ཤུ་ཡང་ཡོད།
- language:
- Tibetan
5. Thupten Phuntsok Dictionary
དགེ་འདུན་དཀོན་མཆོག་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་སྟེ། རྒྱུན་ཞུགས་ལྔ་དང་། ཕྱིར་འོང་གསུམ། ཕྱིར་མི་འོང་བཅུ། དགྲ་བཅོམ་ཞུགས་པ། བསེ་རུ་ལྟ་བུའི་རང་སངས་རྒྱས་བཅས་ཉི་ཤུ་ཐམ་པའོ།།
- language:
- Tibetan
6. smon lam tshig mdzod chen mo
དགེ་འདུན་དཀོན་མཆོག་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་རྒྱུན་ཞུགས་ལྔ་དང༌། ཕྱིར་འོང་གསུམ། ཕྱིར་མི་འོང་བཅུ། དགྲ་བཅོམ་ཞུགས་པ། བསེ་རུ་ལྟ་བུའི་རང་སངས་རྒྱས་བཅས་ཉི་ཤུ་ཐམ་པའོ། །
- language:
- Tibetan