Skip to main content Skip to search
gyim shing kong jo/
ID:
T28109
  • གྱིམ་ཤིང་ཀོང་ཇོ (Tibetan, Tibetan script, Original)
    • > gyim shing kong jo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyimshing kongjo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[383] རྒྱ་བཟའ་རྗེས་མ་སྟེ། རྒྱའི་དེབ་ཐེར་ལས། བོད་ཀྱི་རྒྱལ་མོ་ཁུ་དན་གྱིས་བུ་མོ་སློང་དུ་བྱུང་བ་ལ། རྒྱ་རྗེ་ཐང་ཀྲུང་ཙུང་གི་ནུ་བོ་ཡུང་དབང་གི་བུ་མོ་ཀིམས་ཤིང་ཀོང་ཇོ་བྱིན། ཀེང་ལུང་གི་ལོ་བཞི་པ་ལྕགས་ཁྱི་སྟེ་སྤྱི་ལོ་710ལོར་བོད་ཀྱི་ཞང་བཙན་ཏོ་རི་ལྷས་བྱིན་གྱིས་བསུས། ཀྲུང་ཙང་སྐུ་དངོས་ཀྱིས་མགར་ཆེན་པོ་ཞིང་ཕེང་ཧྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད་དེ། མཁར་དེའི་ཉེས་པ་ཅན་རྣམས་ཐར་དུ་བཅུག་དམངས་ལ་ཁྲལ་འུལ་ལོ་གཅིག་མི་དགོས་པར་བྱས། མཁར་དེའི་མིང་ཡང་བརྗེས་ཏེ་ཀོང་ཇོ་མིང་གྱིམ་ཤིང་ཞེས་བཏགས། གཞན་ཡང་བསྟན་བཅོས་དང། གོས་དར་ཁྲི་ཚོ་དུ་མ། བཟོ་རིགས་དང་སྒྱུ་རྩལ་སྣ་ཚོགས་པ། རོལ་མོ་ཁྱད་པར་བ་ཆ་ཚང་ལ་སོགས་པ་རྫོངས་སྐལ་གྱ་ནོམ་པ་བསྩལ། ཕྱིས་སུ་སླར་ཡང་རྨ་ཆུ་ནུབ་རྒྱུད་ཁུག་དགུ་ཞེས་པ་སྟེ། མི་ཉག་གི་ཡུལ་ཁམས་ཐམས་ཅད་ཀོང་ཇོ་ལ་བྱིན། ཞེས་དེབ་དམར་དུ་ཞིབ་པར་དྲངས་པ་ལྟར་རོ། ཀོང་ཇོ་བོད་དུ་བྱོན་ནས་ཁྲི་ལྡེ་གཙུག་བརྟན་དང་འདུས་པ་ལ་སྲས་ཁྲི་སྲོང་ལྡེ་བཙན་བྱུང་བས་བོད་རྒྱ་གཉིས་དབོན་ཞང་དུ་གྱུར། ...

language:
English

2. dung dkar bod rig pa'i tshig mdzod chen mo

(金成公主)རྒྱ་རྗེ་ཐང་ཀྲུང་ཙུང་རྐི་ནུ་བོ་ཡང་དབང་གི་བུ་མོ། བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ། འདི་བོད་ལྕགས་ཁྱི(༧༡༠)ལོར་ཀྲུང་ཙུང་སྐུ་དངོས་ཀྱིས་མཁར་ཆེན་པོ་ཞིང་ཕེང་རྒྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད་དེ། མཁར་དེའི་མིང་ཡང་བརྗེས་ཏེ་གྱིམ་ཤིང་དྷྲན་ཞེས་བཏགས། ཀོང་ཇོ་འདི་བོད་དུ་ཕེབས་སྐབས་དར་དང་གོས་ཆེན་ཡུག་དུ་མ་བསྣམས་ཕེབས་པ་མ་ཟད། རྩེད་མོ་མཁན་དང༌། བཟོ་བོ་སྣ་ཚོགས་པ། རོལ་མོ་དཀྲོལ་མཁན་སོགས་ཁྲིད་ཕེབས། བོད་ཀྱི་ལོ་རྒྱས་ཆོས་འབྱུང་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་ནང་ལྷ་སྲས་ཁྲི་སྲོང་ལྡེ་བཙན་བཙུན་མོ་འདིར་བལྟམས་རུང་བཙུན་མོ་སྣ་ནམ་བཟས་འཕྲོག་པའི་གཏམ་རྒྱུད་ངོ་མཚར་བ་སྣང༌། གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་རྒྱ་བཟའ་འུན་ཤིང་ཀོང་ཇོའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་མང་སྲོང་སྐབས་དུས་ཟིང་དབང་གིས་ར་ས་འཕྲུལ་སྣང་གི་དཀྱིལ་འཁོར་མཐིལ་ལྷོ་ངོས་ཀྱི་ལྷ་ཁང་ལྷོ་སྒོ་མེ་ལོང་ཅན་ནང་བཞུགས་སུ་གསོལ་ནས་སྒོ་བརྩིགས། ཕྱིས་སུ་སྒོ་དེ་ཕྱེ་ནས་མཆོད་པའི་རྒྱུན་བཙུགས་པ་དང༌། བོད་ཀྱི་ཚེ་ཞེས་གཤིན་དགེའི་སྲོལ་བཙུགས། གཞན་ཡང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་ཐང་བོད་དབར་གྱི་ས་མཚམས་འཁྲུག་ཟིང་འཇགས་ཐབས་ཀྱི་བྱ་བར་འབད་བརྩོན་དང་ནུས་པ་ཆེན་པོ་བཏོན་པར་གྲགས། མཐར་བོད་ས་ཡོས(༧༣༩)ལོར་བཙུན་མོ་གྱིམ་ཤིང་ཀོང་ཇོ་སྐུ་གཤེགས་ཞེས་ཏུན་ཧོང་གི་ཡི་གེར་གསལ།

language:
Tibetan

3. Thupten Phuntsok Dictionary

རྒྱ་བཟའ་རྗེས་མ་སྟེ། རྒྱའི་དེབ་ཐེར་ལས། བོད་ཀྱི་རྒྱལ་མོ་ཁུ་དན་གྱིས་བུ་མོ་སློང་དུ་བྱུང་བ་ལ། རྒྱ་རྗེ་ཐང་ཀྲུང་ཙུང་གི་ནུ་བོ་ཡུལ་དབང་གི་བུ་མོ་ཀིམས་ཤིང་ཀོང་ཇོ་བྱིན། ཀེང་ལུང་གི་ལོ་བཞི་པ་ལྕགས་ཁྱི་སྟེ་སྤྱི་ལོ་༧༡༠ལོར་བོད་ཀྱི་ཞང་བཙན་ཏོ་རེ་ལྷས་བྱིན་གྱིས་བསུས། ཀྲུང་ཙུང་སྐུ་དངོས་ཀྱིས་མགར་ཆེན་པོ་ཞིང་ཕེང་ཧྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད་དེ། མཁར་དེའི་ཉེས་པ་ཅན་རྣམས་ཐར་དུ་བཅུག་དམངས་ལ་ཁྲལ་འུལ་ལོ་གཅིག་མི་དགོས་པར་བྱས། མཁར་དེའི་མིང་ཡང་བརྗེས་ཏེ་ཀོང་ཇོའི་མིང་གྱིམ་ཤིང་ཞེས་བཏགས། གཞན་ཡང་བསྟན་བཅོས་དང་། གོས་དར་ཁྲི་ཚོ་དུ་མ། བཟོ་རིགས་དང་སྒྱུ་རྩལ་སྣ་ཚོགས་པ། རོལ་མོ་ཁྱད་པར་བ་ཆ་ཚང་ལ་སོགས་པ་རྫོངས་སྐལ་གྱ་ནོམ་པ་བསྩལ། ཕྱིས་སུ་སླར་ཡང་རྨ་ཆུ་ནུབ་རྒྱུད་ཁུག་དགུ་ཞེས་པ་སྟེ། མི་ཉག་གི་ཡུལ་ཁམས་ཐམས་ཅད་ཀོང་ཇོ་ལ་བྱིན། ཞེས་དེབ་དམར་དུ་ཞིབ་པར་དྲངས་པ་ལྟར་རོ།

language:
Tibetan

4. smon lam tshig mdzod chen mo

རྒྱ་བཟའ་རྗེས་མ་སྟེ། རྒྱའི་དེབ་ཐེར་ལས། བོད་ཀྱི་རྒྱལ་མོ་ཁུ་དན་གྱིས་བུ་མོ་སློང་དུ་བྱུང་བ་ལ། རྒྱ་རྗེ་ཐང་ཀྲུང་ཙུང་གི་ནུ་བོ་ཡུང་དབང་གི་བུ་མོ་ཀིམས་ཤིང་ཀོང་ཇོ་བྱིན། ཀེང་ལུང་གི་ལོ་བཞི་པ་ལྕགས་ཁྱི་སྟེ་སྤྱི་ལོ་710 ལོར་བོད་ཀྱི་ཞང་བཙན་ཏོ་རི་ལྷས་བྱིན་གྱིས་བསུས། ཀྲུང་ཙང་སྐུ་དངོས་ཀྱིས་མགར་ཆེན་པོ་ཞིང་ཕེང་ཧྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད་དེ། མཁར་དེའི་ཉེས་པ་ཅན་རྣམས་ཐར་དུ་བཅུག་དམངས་ལ་ཁྲལ་འུལ་ལོ་གཅིག་མི་དགོས་པར་བྱས། མཁར་དེའི་མིང་ཡང་བརྗེས་ཏེ་ཀོང་ཇོའི་མིང་གྱིམ་ཤིང་ཞེས་བཏགས། གཞན་ཡང་བསྟན་བཅོས་དང༌། གོས་དར་ཁྲི་ཚོ་དུ་མ། བཟོ་རིགས་དང་སྒྱུ་རྩལ་སྣ་ཚོགས་པ། རོལ་མོ་ཁྱད་པར་བ་ཆ་ཚང་ལ་སོགས་པ་རྫོངས་སྐལ་གྱ་ནོམ་པ་བསྩལ། ཕྱིས་སུ་སླར་ཡང་རྨ་ཆུ་ནུབ་རྒྱུད་ཁུག་དགུ་ཞེས་པ་མི་ཉག་གི་ཡུལ་ཁམས་ཐམས་ཅད་ཀོང་ཇོ་ལ་བྱིན། ཞེས་དེབ་དམར་དུ་ཞིབ་པར་དྲངས་པ་ལྟར་རོ། །ཀོང་ཇོ་བོད་དུ་བྱོན་ནས་ཁྲི་ལྡེ་གཙུག་བརྟན་དང་འདུས་པ་ལ་སྲས་ཁྲི་སྲོང་ལྡེ་བཙན་བྱུང་བས་བོད་རྒྱ་གཉིས་དབོན་ཞང་དུ་གྱུར།

language:
Tibetan