Skip to main content Skip to search
snar thang puN+ya rasmi
ID:
T273687
  • སྣར་ཐང་པུཎྱ་རསྨི (Tibetan, Tibetan script, Original)
    • > snar thang puN+ya rasmi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nartang punya rasmi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་ལྡན་སྣར་ཐང་གི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀར་ཐོས་བསམ་གང་ལེགས་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་གསུང་རྩོམ་ནི《སྔགས་བཀླག་ཐབས་བསྡུས་པ》དང་། བསྒྱུར་རྩོམ་ནི《བསྟན་འགྱུར》ལས་《སྤོས་སྦྱོར་གྱི་བསྟན་བཅོས་དྲི་སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ》། 《སྤོས་སྦྱོར་གྱི་རེའུ་ཆར་བྱས་པའི་ཐབས་བཤད་པ》བཅས་བཞུགས་སོ། ། ཁོང་གི་མཚན་གཞན་ལ་བསོད་ནམས་འོད་ཟེར་ཞེས་ཞུའོ། །

language:
Tibetan