Skip to main content Skip to search
se lo tsA ba
ID:
T273572
  • སེ་ལོ་ཙཱ་བ (Tibetan, Tibetan script, Original)
    • > se lo tsA ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sé lotsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་[1777]གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་《བསྟན་འགྱུར》ལས《དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས》དང་། 《དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ》། 《དཔལ་ནག་པོ་ཆེན་པོ་ལ་བསྟོད་པ》། 《དཔལ་ནག་པོ་ཆེན་པོའི་བསྟོད་པ》། 《རྗེ་བཙུན་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ》། 《བྱ་རོག་མིང་ཅན་དང་བྱ་རོག་གདོང་ཅན་ལ་བསྟོད་པ》བཅས་བཞུགས་སོ། །

language:
Tibetan