- lce bkra shis
- ID:
- T273421
- ལྕེ་བཀྲ་ཤིས (Tibetan, Tibetan script, Original)
- > lce bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
- > ché trashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《མདོ་སྡེ་རྒྱན་གྱི་འགྲེལ་བཤད》ཅེས་བྱ་བ་སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པས་མཛད་པ་བཞུགས་སོ།།
- language:
- Tibetan