- lo tsA ba dpal 'byor
- ID:
- T273405
- ལོ་ཙཱ་བ་དཔལ་འབྱོར (Tibetan, Tibetan script, Original)
- > lo tsA ba dpal 'byor (Tibetan, Latin script, Transliteration-THL Extended Wylie Transliteration)
- > lotsawa penjor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན། སྒྲ་བསྒྱུར་ལ་ཤིན་ཏུ་མཁས་པར་མཁྱེན་པས་རྒྱལ་བའི་བཀའ་དང་བསྟན་འགྱུར་སོགས་བོད་ཡིག་ཏུ་བསྒྱུར་བ་མཛད་དེ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གི་བསྒྱུར་རྩོམ་ནི《བཀའ་འགྱུར》ལས《འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་ཀར་རྫོགས་པ》ཤོ་ལོ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་བ་དང་། 《ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ》བཅས་བཞུགས་སོ། །
- language:
- Tibetan