- ye shes 'byung gnas
- ID:
- T273203
- ཡེ་ཤེས་འབྱུང་གནས (Tibetan, Tibetan script, Original)
- > ye shes 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > yeshé jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། [1564] བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ》དང་། 《བདག་མེད་མའི་སྒྲུབ་ཐབས་རབ་ཏུ་གསལ་བ》། 《རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག》། 《ཐ་དད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་པ་སེལ་བ》། 《ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ》། 《སྔགས་ཀྱི་སྤྱོད་པ་སྟོན་པ་ལྷན་སྐྱེས་དྲུག་པ》། 《དབང་གི་དགོས་པ་མདོར་བསྡུས་པ》། 《དབང་གི་བྱ་བ་མདོར་བསྡུས་པ》། 《རང་བཞིན་ལྔ་བ་ཐབས་དང་ཤེས་རབ་བརྩེ་བ་ལྔ་པ》《དེ་ཁོ་ན་ཉིད་བཅུ་བའི་རྒྱ་ཆེར་འགྲེལ་བ》། 《རྡོ་རྗེའི་ཚིག》བཅས་བཞུགས་སོ། །
- language:
- Tibetan
2. Negi Tibetan-Sanskrit Dictionary
-
vi. jñānākaraḥ, o rā — ཡེ་ཤེས་འབྱུང་གནས … /སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ༎ vandāmi buddhān…jñānākarān kanakojvalāṅgān su.pra.9kha/17; ཡེ་ཤེས་འབྱུང་གནས་དྲན་པ་དམ་པ་དང་། … འབྱུང་པོའི་ཚོགས་ཀྱི་གནས་རྟག་མཆོད་པའི་ཕྱིར་སྭཱ་ཧཱ jñānākarāyai smṛtisamagratāyai…bhūtagaṇaiḥ sadā sampūjitāyai
- language:
- Sanskrit
-
namaḥ svāhā su.pra.30kha/58;
- language:
- Sanskrit
-
nā. jñānākaraḥ, rājakumāraḥ — བཅོམ་ལྡན་འདས་དེ་གཞོན་ནུར་གྱུར་པའི་ཚེ། དེ་ལ་སྙིང་གི་བུ་ཤ་སྟག་བཅུ་དྲུག་ཡོད་དེ། དེ་དག་གི་བུ་ཐུ་བོ་ནི་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འགྱུར་ཏེ ye tasya bhagavataḥ kumārabhūtasya ṣoḍaśa putrā abhūvannaurasāḥ, jñānākaro nāma teṣāṃ jyeṣṭho'bhūt sa.pu.60kha/106.
- language:
- Sanskrit