Skip to main content Skip to search
mkhas pa chen po dzA na thi/
ID:
T271310
  • མཁས་པ་ཆེན་པོ་ཛཱ་ན་ཐི (Tibetan, Tibetan script, Original)
    • > mkhas pa chen po dzA na thi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khepa chenpo dzanati (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་གརགྱི་ནང་པའི་གནས་གཞི་ཆེ་གྲས་བི་ཀཱ་མ་ལ་ཤི་ལའི་དབུས་ཀྱི་ཀ་ཆེན་གཉིས་པ་ཡིན། རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོ་མེ་ཡོས(༩༦༧)ལོ་ནས་རབ་བྱུང་དང་པོའི་དཀྱིལ་ལྕགས་སྟག(༡༠༥༠)ལོ་བར་གྱི་དུས་སྐབས་དེར་བྱུང༌། ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་དྲིན་ཆེ་བའི་བླ་མའི་གྲས་ཡིན། རྒྱ་གར་གྱི་ཤར་ཕྱོགས་གོཊ་ཡུལ་དུ་འཁྲུངས། ཐོག་མར་ཐེག་པ་ཆེན་པོའི་ཆོས་ཁས་མི་ལེན་པའི་ཉན་ཐོས་སེརྙ་པའི་གྲུབ་མཐའ་འཛིན་པར་མཛད་ཀྱང༌། རྗེས་སུ་ཐེག་པ་ཆེན་པོའི་ཆོས་ལ་ཐུགས་དད་འཁྲུངས་ནས་མགོན་པོ་ཀླུ་སྐྲུབ་དང༌། འཕགས་པ་ཐོགས་མེད་གཉིས་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས་ཤིང་གསང་སྔགས་ཀྱི་རྒྱུད་སྡེ་རིགས་མི་འདྲ་བ་མང་པོ་མཁྱེན་པའི་པརྐི་ཏར་གྱུར། མངོན་ཤེས་ཐོགས་མེད་མངའ་བས་འབྱུང་འགྱུར་འཕྲལ་འཕྲལ་དུ་ལུང་སྟོན་པར་མཛད། །མངའ་རིས་སུ་བསྟན་པ་ཕྱི་དར་འགོ་ཚུགས་རྗེས་བོད་དུ་ཡང་བྱོན། སློབ་དཔོན་འདིས་མཛད་པའི<<མཐའ་གཉིས་སེལ་བ>>ཞེས་པ་ཞིག་ཡོད་ཚུལ<<རྒྱ་གར་ཆོས་འབྱུང>>འདིར༌གསུངས་པ<<སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག>>ནང་བཙལ་ཀྱང་མ་རྙེད་པས་བསྟན་འགྱུར་གྱི་དཔེ་གཞན་ཞིག་ཏུ༌ཡོད་དམ་བརྟག །

language:
Tibetan