Skip to main content Skip to search
dus 'khor dbang mo che/
ID:
T270988
  • དུས་འཁོར་དབང་མོ་ཆེ (Tibetan, Tibetan script, Original)
    • > dus 'khor dbang mo che/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dünkhor wangmoché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས་དུས་འཁོར་གྱི་དབང་ལ། བྱིས་པ་ལྟར་འཇུག་པའི་དབང་བདུན། དབང་གོང་མ་གསུམ། གོང་མའི་གོང་མའི་དབང་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་སོ་སོར་ཕྱེ་བས་བཅུ་དྲུག་དང་། སོ་སོར་མ་ཕྱེ་ན། གོང་གི་བྱིས་པ་ལྟར་འཇུག་པའི་དབང་བདུན་གྱི་སྟེང་དུ། གོང་མའི་བུམ་དབང་གསུམ་དང་གོང་མའི་བུམ་དབང་གཉིས་གཅིག་ཏུ་བགྲང་། དེ་བཞིན་དུ་གསང་དབང་གཉིས་གཅིག་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་གཅིག་ཏུ་བགྲང་པ་བཅས་གསུམ་བྱུང་བ་བསྣན་པས་བཅུ། གོང་མའི་དབང་བམཞི་པ་ཚིག་དབང་དང་བཅུ་གཅིག་ཏུ་བསྡུས་ཀྱང་རུང་ངོ་།།

language:
Tibetan