- gdong zhugs ngag dbang chos grags/
- ID:
- T270645
- གདོང་ཞུགས་ངག་དབང་ཆོས་གྲགས (Tibetan, Tibetan script, Original)
- > gdong zhugs ngag dbang chos grags/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dongzhuk ngawang chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མདོ་སྨད་བྱ་ཁྱུང་དགོན་གྱིམཁན་རབས་སོ་གཉིས་པ་འདི་ཉིད་ཀྱི་མཚན་གཞན་འོན་འཇའ་ཚང་དང་མཚེར་མོ་ཆེ་ཡང་ཞུ། འཁྲུངས་ཡུལ་རོང་པོའི་ཚེ་རུག་འོན་འཇའ་ལ་ཡིན། ཐོག་མར་བྱ་ཁྱུང་གི་ཆོས་སྒོར་ཞུགས་ནས་ཟབ་ཆོས་གསན་སྦྱོང་མཛད། དེ་ནས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་གཞུང་ལུགས་གསན་སྦྱོང་ཐོག་ལྷ་ལྡན་སྨོན་རམས་པ་མཛད། སུམ་རྟགས། སྙན་ངག།ག རྩིས་དཀར་ནག་སོགས་ལ་ཡང་སྦྱངས་པ་ཆེ། དེ་ནས་རང་ཡུལ་དུ་ཕེབས་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་བྱ་ཁྱུང་དགོན་གྱི་སེང་ཁྲིར་ཕེབས། དབུ་མ་འཇུག་པ་ཚོགས་འདོན་དུ་བཙུགས། བྲག་དཀར་སྔགས་རམས་པ་གདན་དྲངས་ཏེ་བཀའ་ཆོས་མང་ཙམ་ཞུས། དམ་ཅན་མགར་ནག་གི་གསོལ་ཁ་གསར་འཛུགས་དང་སྐྱེས་རི་ལ་བདེ་ལྡན་ལྷུན་པོའི་ལ་བཙས་བསྟད་ནས་བསང་ཡིག་གསར་རྩོམ་གནང།ང་། དེ་ལྟར་ལོ་ལྔའི་བར་དུ་གདན་ས་བསྐྱངས་ནས་འཆད་ཉན་འཕེལ་བ་དང།ང་། དོན་གཉེར་བ་སོ་སོར་ཡི་གེ་འབྲི་ཀློག།ག རྩིས་དཀར་ནག་སྙན་ངག་སོགས་ཀྱི་ཁྲིད་དཔེ་དང།ང་། བྱམས་ཁང་གི་སྐུ་བརྙན་ལ་ཞིག་གསོ་དང་རྒྱུན་གྱི་མཛད་སྤྱོད་ལེགས་པ་བཅས་ཚང་མས་གཙུག་ཏུ་བཀུར། གསུང་རྩོམ་ཡང་ལྔ་བསྡུས་ནས་བཟུང་གཟའ་འཛིན་བར་གྱི་རྩིས་གཞི་གསར་སྤོས་དང།ང་། སྤྱི་སོའི་དེབ་ཡིག་སེམས་བསྐྱེད་ཀྱི་བཤད་སྒྲིག་ལ་སྔ་སྒྲིག་དང།ང་། ཕྱི་སྒྲིག་འགའ་རེ་བཅས་མཛད། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ(༡༧༢༥)ལོར་གདན་ས་བཞག་ནས་མཚེར་མོ་ཆེའི་རི་ཁྲོད་དུ་སྐུ་ཚེ་དང་སྒྲུབ་པ་སྙོམས་པར་མཛད།(འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ)
- language:
- Tibetan