- gam/
- ID:
- T25778
- གམ (Tibetan, Tibetan script, Original)
- > gam/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jeffrey Hopkins Dictionary
Hopkins' Translations: or; and; particle indicating question; near
Comment: One of ten particles used with a disjunctive (or) or conjunctive (and) sense.
- language:
- English
2. Rangjung Yeshe Dictionary
-
རྒྱལ་པོའི་གམ་དུ་སྐྱེལ་ was carried back to the king
- language:
- Tibetan
-
near; near, close to/ house
- language:
- English
5. bod rgya tshig mdzod chen mo
[350] 1. ཉེ་འགྲམ་མམ་དྲུང། ... སྐུའི་གམ་དུ་སུ་ཅིའང་མེད། ... 2. 1༽ མིང་མཐའ་གའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག་... ག་... སང་ཉིན་དགོང་དག་གམ། གནངས་ཉིན་ཞོགས་པར་འཕེབས་པ་ཁྱད་མེད། ... 2༽ མིང་མཐའ་གའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག་... ག་... ཆུ་ཁོལ་མ་འདུག་གམ། མི་འདུག་... སྐུ་གཟུགས་བདེ་པོ་འདུག་གམ་... .
- language:
- English
6. dag yig gsar bsgrigs
བོད་ཡིག་གི་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ་བཅས་བཅུ་གཅིག་པོ་འདི་ལ་འབྱེད་སྡུད་ཀྱི་སྒྲ་ཟེར་ཞིང་། རྗེས་འཇུག་རང་འདྲའི་མཐའ་ལ་སྦྱོར་ཞེས་པའི་ཐོབ་ཐང་ལྟར་ཐ་སྙད་སོ་སོའི་མཐར་སྦྱར་ན་དྲི་བ་སོགས་ཀྱི་དོན་ལ་འཇུག ( ༡ ) དྲི་བའི་དོན་ལ་འཇུག་པ་ནི། ཁ་ཟས་ཟའམ། ཁ་ཟས་ཟོས་སམ། དཔེ་ཆ་བཀླག་གམ། དཔེ་ཆ་བཀླགས་སམ། གཏེར་ཁ་བརྐོའམ། བརྐོས་སམ། མདོག་ནག་གམ། དམར་རམ་ལྟ་བུ། ( ༢ ) མིང་རྐྱང་གི་མཐར་སྦྱར་ན་འདམ་ངའམ་སྡུད་པའི་དོན་ལ་འཇུག་པ་ནི། དམག་གམ་སློབ་གྲྭ་པའམ་ལས་བྱེད་པ་གང་ཡིན་ཡང་མི་དམངས་ཀྱི་ཞབས་འདེགས་པ་ཡིན་དགོས་ལྟ་བུ།
- language:
- Tibetan
7. Thupten Phuntsok Dictionary
(1) ཉེ་འགྲམ་མམ་དྲུང་། སྐུའི་གམ་དུ་སུ་ཅིའང་མེད། (2) མིང་མཐའ་གའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག སང་ཉིན་དགོང་དག་གམ། གནངས་ཉིན་ཞོགས་པར་ཕེབས་པར་ཁྱད་མེད། (3) མིང་མཐའ་གའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག ཆུ་ཁོལ་མ་འདུག་གམ། མི་འདུག སྐུ་གཟུགས་བདེ་པོ་འདུག་གམ།
- language:
- Tibetan
8. smon lam tshig mdzod chen mo
-
1.མིང་མཐའ་གའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག་སྟེ།
- Model Sentence
(དཔེར་ན།) གཅན་གཟན་འདི་ནི་གཟིག་གམ། ཡང་ན་སྟག་ཅིག་རེད་ཅེས་པ་ལྟ་བུ།
- language:
- Tibetan
-
2.མིང་མཐའ་གའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག་སྟེ།
- Model Sentence
(དཔེར་ན།) ཆུ་ཁོལ་མ་འདུག་གམ། མི་འདུག སྐུ་གཟུགས་བདེ་པོ་འདུག་གམ་ཞེས་པ་ལྟ་བུ།
- language:
- Tibetan
9. Lokesh Chandra Tibetan-Sanskrit dictionary
- Sanskrit:
-
- nikaṭa
- vā
10. Negi Tibetan-Sanskrit Dictionary
1. = གན། དྲུང་། ཉེ་བ antikam དེ་དག་གམ་དུ་འགྲོ་བ་ཡོངས་མ་ནུས tadantikaṃ naiva śaśāka gantum a.ka.101.27 2. (འབྱེད་སྡུད་ཀྱི་སྒྲ) vā tenākāśaikadeśo vā yadvā vastvantaraṃ bhavet ta.sa.79kha/739 3. nu, praśne ཅི་རྒྱལ་པོ་དེ་སླར་ལོག་གམ kiṃ nu khalu pratinivṛttaḥ syādayaṃ rājā jā.mā.292/169.
- language:
- Sanskrit