- gangs mthon mthing rgyal mo/
- ID:
- T25486
- གངས་མཐོན་མཐིང་རྒྱལ་མོ (Tibetan, Tibetan script, Original)
- > gangs mthon mthing rgyal mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > gangtön tingyelmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
(གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ)སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ་གངས་རི་འདི་བཞིན་འཁོར་ལོ་བདེ་མཆོག་གི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་གོ་དཱ་ཝ་རི་ཡིན་ཞེས་བཤད་སྲོལ་ཡོད་ཅིང༌། རི་འདིའི་ཕྱི་དབྱིབས་གངས་རི་རྩེ་ལྔ་པ་ལ། ༡དབུས་སུ་ཇོ་མོ་ཚེ་རིང་མཆེད་ལྔའི་ནང་ཚན་བཀྲ་ཤིས་ཚེ་རིང་མ་དང༌། མཐའ་བསྐོར་དུ་རིམ་བཞིན། ༢ཇོ་མོ་མཐིང་གི་ཞལ་བཟང་མ་དང༌། ༣་མི་གཡོ་བློ་བཟང་མ། ༤་ཅོད་པན་མགྲིན་བཟང་མ། ༥་གཏད་དཀར་འགྲོ་བཟང་མ་བཅས་གནས་ཡོད་པར་བཤད། དེར་རྗེ་བཙུན་མི་ལ་རས་པ་སྒྲུབ་པ་ཉམས་བཞེས་གནང་ནས་བཞུགས་སྐབས་ཚེ་རིང་མཆེད་ལྔས་ཆོ་འཕྲུལ་བསྟན་པར་དམ་ལ་བཏགས་ཏེ་ཆོས་གསུངས་ཤིང<<རྡོ་རྗེའི་མགུར་དྲུག>>ཅེས་པའི་གསུང་མགུར་ཡང་གནས་དེར་གསུངས་པ་ཞེས་གསལ། དེང་སང་གངས་རི་རྩེ་ལྔ་འདིའི་གསུམ་པ་ལ་ཇོ་མོ་གླང་མར་འབོད་པ་ནི། ཇོ་མོ་ལྷ་ལྔ་མ་ཞེས་འབོད་པའི་བོད་སྐད་ཀྱི་སྒྲ་དེ་ཟུར་ཆག་ནས་ཇོ་མོ་གླང་མར་འགྱུར་བ་མིན་ནམ་སྙམ། དེ་མིན་ཇོ་མོ་གླང་མ་ཞེས་འབོད་པའི་རྒྱུ་མཚན་གཞན་མ་རྙེད་པས་དཔྱད་པར་ཞུ་ཞིང༌། གངས་རི་འདི་ཉིད་རྒྱ་མཚོའི་ངོས་ལས་མཐོ་ཚད་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར་ཀྲུང་གོའི་ས་ཁམས་ཆགས་ཚུལ་གྱི་ཤེས་ཡོན་སྐོར་ལས་གསལ།
- language:
- Tibetan
5. Thupten Phuntsok Dictionary
གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད། །གསང་སྔགས་ཀྱི་གཞུང་ནས་གངས་རི་འདི་འཁོར་ལོ་བདེ་མཆོག་གི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་གཽ་དཱ་ཝ་རི་ཡིན་ཞེས་གཤེགས།
- language:
- Tibetan
gangs mthon mthing rgyal mo/ has 1 other term directly related to it, which is presented here.