Skip to main content Skip to search
gag lhog
ID:
T24742
  • གག་ལྷོག (Tibetan, Tibetan script, Original)
    • > gag lhog (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gaklhok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

See gag nad and lhog pa. Text 12, 24, 25.

language:
English

2. Ives Waldo Dictionary

gnyan nad lce la babs te gre ba 'gag pa gag pa'i nad and sha la babs te thor pa 'byung ba lhog pa'i nad

language:
English

3. Jim Valby Dictionary

swelling in the throat

language:
English

4. bod rgya tshig mdzod chen mo

[338] གཉན་ནད་ལྕེ་ལ་བབས་ཏེ་གྲེ་བ་འགག་པ་གག་པའི་ནད་དང། ཤ་ལ་བབས་ཏེ་ཐོར་པ་འབྱུང་བ་ལྷོག་པའི་ནད་དང་གཉིས་ཀྱི་བསྡུས་མིང། ...

language:
English

5. Thupten Phuntsok Dictionary

གག་ལྷོག་ཅེས་པ་གག་པ་དང་ལྷོག་པ་སྟེ་ནད་རིགས་གཉིས་མཉམ་དུ་བསྡུས་མིང་ཡིན། ནད་འདིའི་རྒྱུ་ནི་ལུས་ལ་ལྷན་སྐྱེས་སུ་ཁྲག་ལ་གནས་པའི་དུག་ཅན་གྱི་སྲིན་བུ་མདོག་ཟགས་ལྟར་དམར་བ། གཟུགས་ཕྲ་བ་མིག་གིས་མི་མཐོང་བ། སྐད་ཅིག་ཙམ་ལ་མགོ་ལུས་ཁྱབ་པར་རྒྱུ་ནུས་པ་ཡོད་པ་དེ་ཉིད། རྐྱེན་གྱིས་མ་བསྒྱུར་པ་རང་བཞིན་ཐ་མལ་དུ་གནས་པ་ན་ལུས་ཀྱི་སྒྱུ་རྩལ་སོགས་སྟོབས་སྐྱེད་ཀྱི་གྲོགས་བྱེད་པ། རྐྱེན་གྱིས་བསྒྱུར་ན་ལུས་ཟུངས་ཟོས་པས་གནོད་པར་བྱེད་ཅིང་ཡོད་པ་རེད། རྐྱེན་ནི་དངོས་རྒྱུ་སྲིན་དེ་ལ་རྒྱུའི་རྐྱེན་རླུང་མཁྲིས་བད་ཀན་ལྡན་འདུས་རྣམས་སྐྱེད་བྱེད། གཉན་གག་ལྷོག་གི་ནད་ཡོད་པའི་ཡུལ་དང་། གཉན་སྲིན་སློང་བའི་དུས་གདོན་ཟས་སྤྱོད་བཅས་རྐྱེན་རྣམས་ཀྱིས་ཁྲག་སྲིན་དེ་དག་ཁྲོས་ཤིང་འཁྲུགས་པས་ལུས་ཟུངས་ཟོས་པས་གཉན་ནད་ཀྱི་རིགས་མི་འདྲ་བ་འདི་དག་ཡོང་ཞིང་ཡོད་པ་རེད། དེའི་ཕྱིར་ན་དཀར་རིགས་དང་མངར་ཆས་སྲིན་ནད་ཀྱི་སྟོབས་བསྐྱེད་པས་གནོད་པ་དང་། བོང་ང་སོགས་དུག་རིགས་རྣམས་ཀྱིས་སྲིན་འཇོམས་པར་བྱེད་ཅིང་ཡོད་པ་རེད། ནད་འདི་བབས་སའི་དབང་གིས་མིང་གི་དབྱེ་བ་མི་འདྲ་བ་ཡོད་པར། མགོ་ལ་བབས་ན་ཀླད་གཟེར་ཟེར། གྲེ་བ་ལ་བབས་ན་གག་པ། རོ་སྟོད་བབས་ན་གཟེར་ཐུང་། ཕོ་བ་ལ་བབས་ན་ཕོ་ལོག་གམ་ཡང་ན་གཉན་གླང་། རྒྱུ་མ་ལ་བབས་ན་རྒྱུ་གཟེར། པགས་ལ་བབས་ན་མེ་དབལ། ཚིལ་ལ་བབས་ན་རྨེན་བུ་སྐྲན། ཉྭ་ལ་བབས་ན་ཉྭ་ལོག ཤ་ལ་བབས་ན་ལྷོག་པ། ཤ་དང་། རུས་པ། རྩ་རྣམས་བེམ་ལ་འདྲུལ་བ་ལ་འབྲས་ནད་ཟེར་བ་བཅས་དང་། གཞན་ཡང་གྲངས་དང་མིང་གི་ངེས་པར་མེད་པའི་གཉན་ནད་ཡོང་སྲིད་ཀྱང་། འདིར་གཉན་ནད་ཀྱི་རིགས་ཐམས་ཅད་མདོར་བསྡུས་ན་གག་པ་དང་། ལྷོག་པ་སྟེ་རིགས་གཉིས་སུ་བསྡུས་ཡོད་པ་རེད།

language:
Tibetan

6. smon lam tshig mdzod chen mo

གཉན་ནད་ལྕེ་ལ་བབས་ཏེ་གྲེ་བ་འགག་པ་གག་པའི་ནད་དང༌། ཤ་ལ་བབས་ཏེ་ཐོར་པ་འབྱུང་བ་ལྷོག་པའི་ནད་དང་གཉིས་ཀྱི་བསྡུས་མིང༌།

language:
Tibetan