- 'khrungs skar dus chen/
- ID:
- T24196
- འཁྲུངས་སྐར་དུས་ཆེན (Tibetan, Tibetan script, Original)
- > 'khrungs skar dus chen/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > trungkar düchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Jim Valby Dictionary
the birthday festival (ceremony on the 5th day of the 5th Tibetan month)
- language:
- English
2. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལོ་ལྟར་ཏཱ་ལའི་བླ་མའི་སྐུའི་འཁྲུངས་སྐར་འཁེལ་བའི་མཛད་ཆེན་ལ་རྩེ་ཕོ་བྲང་དང༌། ནོར་གླིང་ཕོ་བྲང་ཡངས་སྟེང་སོ་སོར་མཛོད་ཆུང་ནས་གྲྭ་སྒྲིག་ཞུས་པ་ལྟར་རྒྱགས་རྔན་ལྷ་བསང་དང༌། འཁྲུངས་ལྷའི་གསོལ་མཆོད། སྐུའི་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུགས་ཞུས། ཡབ་གཞིས་སྐུ་འཁོར་རྣམས་ནས་སྔ་དྲོ་གཟིམས་ཆུང་དུ་ནང་མའི་རྟེན་གསུམ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ། བཞེས་འབྲས་ཕེབས། བཀའ་ཤག་དང༌། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་དུ་གཟིམས་ཆུང་དགའ་ལྡན་ཡང་རྩེ་དང༌། ནོར་གླིང་དུ་བཞུགས་སྐབས་མཚོདཀྱིལ་ལྷུན་གྲུབ་དགའ་ཚལ་དུ་བཞུགས་ཁྲི་བདེ་སྟན་ཐོག་ཏཱ་ལའི་བླ་མ་བཞུགས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་གིས་དབུ་གཏུགས་མཛད། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང༌། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་ཞབས་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་གྱིས་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབས་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས། ཕྱག་སྲུང་བརྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས། ཕེབས་སྒོ་བཞེས་སྤྲོ་དང་གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ། ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་བསྐང་འཕར་འཕྲིན་བཅོལ་དང་འབྲེལ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་ལྷ་སའི་ཤར་ཕྱོགས་འཁྲུངས་ལྷ་འེས་པའི་མགོན་ཁང་དང༌། བསྐོར་གླིང་ཀ་ཡོད་ས་དེར་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་རྒྱས་ཚུགས་ཡོད་པ་བཞིན་དབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་གོང་ས་མཆོག་གི་ཐུགས་སྨོན་སྙན་དར་དང༌། རྒྱལ་བའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་ནས་སྙན་དར་འབུལ་གནང་མཛད་དེ་དེ་གའི་སྤྲོ་ཁང་དུ་ཕེབས། རྩེ་ཕྱག་ལས་ཁུངས་ནས་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་དང༌། ཡབ་གཞིས་སྐུ་ངོ་རྣམ་པས་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ལ་གསོལ་མགྲོན་ཉིན་གཉིས་སྩལ་སྐབས་སྐུ་མགྲོན་རྣམས་ནས་འབྱོར་འཕྲལ་རྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཇལ་དར་དཀར་གཙང་རེ་དང་འཁྲུངས་ལྷའི་ལྷ་རྟེན་རྣམས་ལ་སྙན་དར་འཕྲིན་བཅོལ་ཞུ་སྲོལ་སྣང༌།
- language:
- Tibetan
3. Thupten Phuntsok Dictionary
སྔར་ལོ་ལྟར་ཏཱ་ལའི་བླ་མའི་འཁྲུངས་སྐར་འཁེལ་བའི་མཛད་ཆེན་ལ་རྩེ་ཕོ་བྲང་དང་། ནོར་གླིང་ཕོ་བྲང་ཡང་སྟེང་སོ་སོར་མཛོད་ཆུང་ནས་གྲྭ་སྒྲིག་ཞུས་པ་ལྟར་རྒྱགས་གརྔན་ལྷ་བསང་དང་། འཁྲུངས་ལྷའི་གསོལ་མཆོད། སྐུའི་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུག་སྔ་ཞུས། ཡབ་གཞིས་སྐུ་འཁོར་རྣམས་ནས་སྔ་དྲོ་གཟིམས་ཆུང་དུ་ནང་མའི་རྟེན་གསུམ་ལ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ། བཞེས་འབྲས་ཕེབས། བཀའ་ཤག་དང་། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་དུ་གཟིམས་ཆུང་དགའ་ལྡན་ཡང་རྩེ་དང་། ནོར་གླིང་དུ་བཞུགས་སྐབས་མཚོ་དཀྱིལ་ལྷུན་གྲུབ་དགའ་ཚལ་དུ་བཞུགས་ཁྲི་བདེ་སྟན་ཐོག་ཏཱ་ལའི་བླ་མ་བཞུགས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་གིས་དབུ་གཏུགས་མཛད། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང་། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་ཞབས་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་གྱིས་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབས་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས། ཕྱག་སྲུང་བརྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས། ཕེབས་སྒོ་བཞེས་སྤྲོ་དང་གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ། ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་བསྐང་འཕར་འཕྲིན་བཅོལ་དང་འབྲེལ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་ལྷ་སའི་ཤར་ཕྱོགས་འཁྲུངས་ལྷ་ཞེས་པའི་མགོན་ཁང་དང་། མཐའ་བསྐོར་གླིང་ཀ་ཡོད་ས་དེར་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་རྒྱས་ཚུགས་ཡོད་པ་བཞིན་དབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་གོང་ས་མཆོག་གི་ཐུགས་སྨོན་སྙན་དར་དང་། རྒྱལ་བའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་ནས་སྙན་དར་འབུལ་གནང་མཛད་དེ་དེ་གའི་སྤྲོ་ཁང་དུ་ཕེབས། རྩེ་ཕྱག་ལས་ཁུངས་ནས་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་དང་། ཡབ་གཞིས་སྐུ་ངོ་རྣམ་པས་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ལ་གསོལ་མགྲོན་ཉིན་གཉིས་རྩོལ་སྐབས་སྐུ་མགྲོན་རྣམས་ནས་འབྱོར་འཕྲལ་རྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཅིག་མཇལ་དེ་དཀར་གཙང་རེ་དང་འཁྲུངས་ལྷའི་ལྷ་རྟེན་རྣམས་ལ་སྙན་དར་འཕྲིན་བཅོལ་ཞུ་སྲོལ་སྣང་།
- language:
- Tibetan