- 'khor sems byung gi gzhi/
- ID:
- T23445
- འཁོར་སེམས་བྱུང་གི་གཞི (Tibetan, Tibetan script, Original)
- > 'khor sems byung gi gzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khorsem jungizhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
accompanying basis of mental states, as one of the fivefold basis of knowable; Def. by Jamgön Kongtrül: སྡེ་ཚན་རྣམ་པར་ལྔར་ཡོད་དེ། སེམས་ཀྱི་ས་མང་པོ་པ་བཅུ། ། དགེ་བའི་ས་མང་བཅུ། ཉོན་མོངས་ཅན་གྱི་ས་མང་དྲུག། ཉོན་མོངས་ཆུང་ངུའི་ས་པ་བཅུ། མི་དགེ་བའི་ས་པ་ཆེན་པོ་གཉིས། མ་ངེས་པའི་ས་པ་བརྒྱད་
- language:
- English
2. Ives Waldo Dictionary
accompanying basis of mental states, [as 1 of the 5-fold basis of knowables]
- language:
- English
3. dung dkar bod rig pa'i tshig mdzod chen mo
རང་ཉིད་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་ཡོད་པའི་ཆ་ནས་འཁོར་སེམས་བྱུང་ཞེས་བརྗོད་པ་ཡིན། དེའི་དབྱེ་ཚུལ་ལ་ཀུན་བཏུས་ལས་ང་གཅིག་ཏུ་གསུངས་ཀྱང༌། མཛོད་རྩ་འགྲེལ་ལས་ཞེ་དྲུག་ཏུ་གསུངས་ཏེ་སེམས་ཀྱི་ས་མང་བཅུ་ནི། ཚོར་དང་སེམས་པ་འདུ་ཤེས་དང༌། །འདུན་དང་རེག་པ་བློ་གྲོས་དྲན། །ཡིད་བྱེད་མོས་དང་ཏིང་འཛིན་ནོ། །དགེ་བའི་ས་མང་བཅུ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །ཆགས་སྡང་མེད་པའི་དགེ་རྩ་གཉིས། །མི་འཚེ་བ་དང་བརྩོན་འགྲུས་སོ། །ཉོན་མོངས་ཆེན་པོའི་ས་པ་དྲུག་ནི། རྨོངས་དང་བག་མེད་ལེ་ལོ་དང༌། མ་དད་རྨུགས་དང་རྒོད་པའོ། །མི་དགེ་བའི་ས་པ་གཉིས་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པའོ། །ཉོན་མོངས་ཆུང་ངུའི་ས་པ་བཅུ་ནི། ཁྲོ་དང་འཁོན་འཛིན་གཡོ་ཕྲག་དོག ། འཚིག་དང་འཆབ་དང་སེར་སྣ་དང༌། །རྒྱུ་དང་རྒྱགས་དང་རྣམ་འཚེའོ། །མ་ངེས་པ་བརྒྱད་ནི། རྟོག་དཔྱོད་འགྱོད་གཉིད་ཁོང་ཁྲོ་བ། །ཆགས་དང་ང་རྒྱལ་ཐེ་ཚོམ་མོ། །དེ་དག་ཐམས་ཅད་བསྡོམས་པས་སེམས་བྱུང་བཞི་བཅུ་ཞེ་དྲུག་གོ།
- language:
- Tibetan
4. Thupten Phuntsok Dictionary
རང་ཉིད་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་ཡོད་པའི་ཆ་ནས་འཁོར་སེམས་བྱུང་ཞེས་བརྗོད་པ་ཡིན། དེའི་དབྱེ་ཚུལ་ལ་ཀུན་བཏུས་ལས་ང་གཅིག་ཏུ་གསུངས་ཀྱང་། མཛོད་རྩ་འགྲེལ་ལས་ཞེ་དྲུག་ཏུ་གསུངས་ཏེ་སེམས་ཀྱི་ས་མང་བཅུ་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུ་དང་རེག་པ་བློ་གྲོས་དྲན། །ཡིད་བྱེད་མོས་དང་ཏིང་འཛིན་ནོ། །དགེ་བའི་ས་མང་བཅུ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །ཆགས་སྡང་མེད་པའི་དགེ་རྩ་གཉིས། །མི་འཚེ་བ་དང་བརྩོན་འགྲུས་སོ། །ཉོན་མོངས་ཆེན་པོའི་ས་པ་དྲུག་ནི། རྨོངས་དང་བག་མེད་ལེ་ལོ་དང་། མ་དད་རྨུགས་དང་རྒོད་པའོ། །མི་དགེ་བའི་ས་པ་གཉིས་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པའོ། །ཉོན་མོངས་ཆུང་ངུའི་ས་པ་བཅུ་ནི། ཁྲོ་དང་འཁོན་འཛིན་གཡོ་ཕྲག་དོག །འཚིག་དང་འཆབ་དང་སེར་སྣ་དང་། །རྒྱུ་དང་རྒྱགས་དང་རྣམ་འཚེའོ། །མ་ངེས་པ་བརྒྱད་ནི། རྟོག་དཔྱོད་འགྱོད་གཉིད་ཁོང་ཁྲོ་བ། །ཆགས་དང་ང་རྒྱལ་ཐེ་ཚོམ་མོ། །དེ་དག་ཐམས་ཅད་བསྡོམས་པས་སེམས་བྱུང་བཞི་བཅུ་ཞེ་དྲུག་གོ །
- language:
- Tibetan