Skip to main content Skip to search
mkhas grub nor bzang rgya mtsho/
ID:
T22077
  • མཁས་གྲུབ་ནོར་བཟང་རྒྱ་མཚོ (Tibetan, Tibetan script, Original)
    • > mkhas grub nor bzang rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrup norzang gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • the learned and accomplished nor bzang rgya mtsho [learned astrologer des rab byung brgyad pa'i sa khyi lor rtsis gzhung dri med 'od rgyan mdzad, rtse thang bsam gtan gling du thur grib brtags

    language:
    English
  • the learned and accomplished nor bzang rgya mtsho

    language:
    English

2. bod rgya tshig mdzod chen mo

[303] རྩིས་རིག་མཁས་པ་ཞིག་དེས་རབ་བྱུང་བརྒྱད་པའི་ས་ཁྱི་ལོར་རྩིས་གཞུང་དྲི་མེད་འོད་རྒྱན་མཛད། རྩེ་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བརྟགས། ...

language:
English

3. dung dkar bod rig pa'i tshig mdzod chen mo

<<ལམ་རིམ་ཆེན་མོའི་བཤད་ལུང>>གི་བླ་བརྒྱུད་གྲས་སུ་བཞུགས་པ་དེ་ཡིན། གཙང་གི་རྟ་ནག་རང་བྱུང་དུ་རབ་བྱུང་བདུན་པའི་ཆུ་ཡོས(༡༤༢༣)ལོར་ཡབ་ནམ་མཁའ་དཔལ་བཟང་དང་ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུ་བྱིས་པའི་དུས་ནས་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་གསུམ་པ་ཤིང་ཡོས(༡༤༣༥)ལོར་བྲག་དམར་ཆོས་སྡིངས་སུ་ཆོས་རྗེ་བློ་གྲོས་མགོན་པོས་མཁན་པོ་དང༌། བྱང་སེམས་ཆོས་འཕེལ་རྒྱལ་མཚན་གྱིས་ལས་སློབ་མཛད་དེ་རབ་ཏུ་བྱུང༌། རི་ཁུད་ཆོས་སྡེའི་སློབ་དཔོན་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་པོའི་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་མཛད། འཆུམས་བདེ་ཆེན་དང་ཆོས་འཁོར་སྒང་སོགས་སུ་བྱོན་ནས་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་མཁས་པ་མང་པོ་བསྟེན། མདོ་སྔགས་ཀྱི་ཆོས་རྒྱུན་མི་ཉུང་བ་གསན། བཀྲ་ཤིས་ལྷུན་པོར་ཕེབས་ནས་རྒྱལ་དབང་དགེ་འདུན་གྲུབ(ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ)པའི་དྲུང་ནས་ལམ་རིམ་བློ་སྦྱོང་སོགས་གསན་ཅིང༌། བསྐྱར་གཞུང་ཆེན་པོ་ལྔར་སྦྱངས་པ་མཐར་ཕྱིན་པ་མ། ཛད་དེ་གསང་ཕུ་སོགས་གདན་ས་འགའ་ཞིག་ཏུ་གྲྭ་སྐོར་ཡང་གནང༌། དགུང་ལོ་སོ་ལྔ་པ་རབ་བྱུང་བརྒྱད་པའི་མེ་གླང(༡༤༥༧)ལོར་དགའ་ལྡན་དུ་ཕེབས་ནས་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། དགུང་ལོ་སོ་བདུན་པ་ས་ཡོས་(༡༤༥༩)ལོར་འོལ་ཁ་རིན་ཆེན་སྒང་དང༌། ཨེའི་རྟེའུ་ར། འོལ་ཁ་ཆོས་ལུང༌། རྒྱ་སོག་ཕུ། ལྷ་སྡིངས་སོགས་དབེན་པའི་གནས་དུ་མར་ལོ་བཞི་བཅུ་ཙམ་གྱི་རིང་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པ་ལ་བརྟེན་ནས་གསང་སྔགས་བླ་མེད་ཀྱི་ཟུང་འཇུག་གི་གོ་འཕང་བརྙེས། དད་ལྡན་འགའ་ཞིག་ལ་མདོ་སྔགས་ཀྱི་ཆོས་བཀའ་ཡང་ཞར་དང་ཞོར་ལ་བསྩལ་པས་རྒྱུད་འཛིན་སློབ་མ་ཡང་གྲགས་ཅན་མང་དུ་བྱུང༌། གསུང་རྩོམ་སྐོར<<དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན>><<རྩིས་ཀྱི་རྣམ་བཤད་པད་དཀར་ཞལ་ལུང>>(འདི་ཡོངས་གྲགས་སུ་ཕུག་པ་ལྷུན་གྲུབལྗོ;་མཚོས་མཛད་ཅེས་བརྗོད་སྲོལ་ཡོད་ཀྱང་དོན་དུ་དམ་པ་འདི་ཉིད་ཀྱིས་མཛད་པ་ཡིན)<<དཔལ་གསང་བ་འདུས་པའི་རྫོགས་རིམ་རྣམ་བཤད་རིམ་ལྔ་ཡང་གསལ་སྒྲོན་མེ>>སོགས་འགའ་ཞིག་དཔར་ལ་འཁོད་ཡོད། དགུང་ལོ་གོ་གཅིག་པ་རབ་བྱུང་དགུ་པའི་ཆུ་བྱ(༡༥༡༣)ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་རིལ་པོར་བཞུགས་པའི་འདྲ་སྐུ་འོལ་ཁ་རིན་ཆེན་སྒང་སྒྲུབ་སྡེའི་རྟེན་གྱི་གཙོ་བོར་བཞུགས་ཤིང་ངོ་མཚར་བའི་གཏམ་རྒྱུད་མང་པོ་ངག་རྒྱུན་དང་ཡིག་ཐོག་ཏུ་འཁོད་ཡོད། ལོ་རྒྱུས་རྣམ་ཐར་སྐོར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<ལམ་རིམ་བླ་བརྒྱུད་རྣམ་ཐར>>ལྕགས་དཔར་མའི་ཤོག་གྲངས༡༦༦ནས༡༦༧བར་གསལ།

language:
Tibetan

4. Thupten Phuntsok Dictionary

རྩིས་རིག་མཁས་པ་ཞིག དེས་རབ་བྱུང་བརྒྱད་པའི་ས་ཁྱི་ལོར་རྩིས་གཞུང་དྲི་མེད་འོད་རྒྱན་མཛད། རྩེ་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བརྟགས།

language:
Tibetan

5. smon lam tshig mdzod chen mo

རྩིས་རིག་མཁས་པ་ཞིག ཁོང་གིས་རབ་བྱུང་བརྒྱད་པའི་ས་ཁྱི་ལོར་རྩིས་གཞུང་དྲི་མེད་འོད་རྒྱན་མཛད། རྩེ་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བརྟགས།

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 1423 ལོར་གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང་། ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ 1513 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་བྲག་དམར་ཆོས་སྡིངས་སུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་མགོན་པོ་དང་བྱང་སེམས་ཆོས་འཕེལ་རྒྱལ་མཚན་གཉིས་ལས་རབ་བྱུང་བསྒྲུབས་ཤིང་བཀའ་ཆོས་གསན། དེ་ནས་རི་ཁུད་ཆོས་སྡེར་ཕེབས་ཤིང་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་ལ་ཐོས་བསམ་ནན་ཏན་དུ་མཛད། འཆུམས་བདེ་ཆེན་དང་ཆོས་འཁོར་སྒང་དུ་བྱོན་ཏེ་ཀུན་མཁྱེན་ཤེས་རབ་རིན་ཆེན་སོགས་བཤེས་གཉེན་དམ་པ་དུ་མ་ལས་དབང་ལུང་མན་ངག་མང་དུ་གསན། [223] དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་འདུན་གྲུབ་པ་ལས་བྱང་ཆུབ་ལམ་རིམ་དང་། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཞིབ་ཏུ་སྦྱངས་ཤིང་གསང་ཕུའི་གྲྭ་སྐོར་མཛད་ནས་མཁས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ། དགུང་ལོ་སོ་ལྔ་པར་དགའ་ལྡན་དུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་དང་། ཆོས་རྗེ་གྲགས་པ་འོད་ཟེར། རོང་པོ་བློ་བཟང་གསུམ་ལས་བསྙེན་པར་རྫོགས་ཤིང་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་སོ་བདུན་པར་དབེན་གནས་རིན་ཆེན་སྒང་དང་། ཨེའི་ཏིའུ་ར། འོལ་ཁ་ཆོས་ལུང་། རྒྱ་སོག་ཕུ། ལྷ་སྡིངས་སོགས་སུ་འགྲིམས་ནས་ལོ་བཞི་ཙམ་གྱི་བར་སྒྲུབ་པ་ཉམས་ལེན་མཛད་ནས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་སོ། དགུང་ལོ་གོ་གཅིག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་བདུན་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་བའི་ཐུགས་སྲས་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡིན། ཁོང་གི་གསུང་རྩོམ་ནིདུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱནདང་།རྩིས་གཞུང་པད་དཀར་ཞལ་ལུང་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་གནད་དོན་གསལ་བར་སྟོན་པ་རིམ་ལྔ་ཡང་གསལསོགས་མང་དུ་བཞུགས་སོ།།

language:
Tibetan