- mkhar chen bza' mtsho rgyal/
- ID:
- T21966
- མཁར་ཆེན་བཟའ་མཚོ་རྒྱལ (Tibetan, Tibetan script, Original)
- > mkhar chen bza' mtsho rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kharchen zamtsogyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
one of the five wives of ཁྲི་སྲོང་ལྡེའུ་བསྟན་
- language:
- English
-
Lady Tsogyal of Kharchen. See Yeshe Tsogyal
- language:
- English
-
one of Padmasambhava's 25 disciples
- language:
- English
3. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུམཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་འབོད་པ་དེ་ཡིན། བོད་དུ་ནང་པའི་ཆོས་ལུགས་ཐོག་མར་དར་སྤེལ་གནང་སྐབས་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་བུད་མེད་ཐོག་མ་དེ་ཡིན། སྒྲགས་ཀྱི་གྲོང་མོ་ཆེར་ཡབ་མཁའ་འགྲོ་ཡེ་ཤེས་དང་ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་འཁྲུངས། རུས་མིང་མཁར་ཆེན་ཡིན་པས་མཁར་ཆེན་བཟའ་ཞེས་གྲགས། སྔོན་དུས་འཁྲུངས་གནས་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་བླ་མཚོ་ཆུང་ངུ་ཞིག་མཇལ་རྒྱུ་ཡོད་པར་གྲགས། ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན་ཅིང༌། རྗེས་སུ་རྒྱལ་པོས་སློབ་དཔོན་ཆེན་པོ་པརྨོ་འབྱུང་གནས་ལ་དབང་ཞུས་པའི་ཡོན་དུ་ཕུལ་ནས་སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་གཙོ་བོར་གྱུར་ཅིང༌། སློབ་དཔོན་གྱིས་ཆོས་གསུངས་ཚད་ཐེངས་གཅིག་ལ་མི་བརྗེད་པར་བཟུང་ཐུབ་པའི་ཁྱད་ཆོས་ཆེན་པོ་མངའ་བ་དང༌། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པས། མཆོན་གྱིས་བསད་པའི་མི་རོ་གསོན་པོར་སློང་ནུས་པ་དང༌། སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ཚན་རྡོ་རྗེ་ཕུར་པའི་བཀའ་བབས་ཡིན་ཅིང༌། སྙིང་ཐིག་སྐོར་བཞིའི་ནང་ཚན་མཁའ་འགྲོ་སྙིང་ཐིག་ནི་མཁའ་འགྲོ་མ་འདི་ཉིད་ལས་བྱུང་བ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
ཡོངས་གྲགས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་འབོད་པ་དེ་ཡིན།
- language:
- Tibetan
5. gangs can mkhas grub rim byon ming mdzod
[216] ཁོང་མོ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་ལས་ནང་གི་སྐྱེད་རྫོགས་སྡེ་གསུམ་གྱི་དབང་ཆེན་ཞུས་ཏེ། དེའི་དབང་ཡོན་དུ་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་སློབ་དཔོན་པདྨ་འབྱུང་གནས་ལ་ཕུལ་ཏོ༎
- language:
- Tibetan