Skip to main content Skip to search
se na bzhi/
ID:
T206671
  • སེ་ན་བཞི (Tibetan, Tibetan script, Original)
    • > se na bzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > senazhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

CHN

language:
English

2. dung dkar bod rig pa'i tshig mdzod chen mo

པཱ་ལའི་རིགས་ཀྱི་རྒྱལ་རྒྱད་ཐ་མ་ཡཀྵ་པཱ་ལས་སྲིད་དབང་བཟུང་ནས་ལོ་གཅིག་མ་ཟིན་ཙམ་ལ་དའི་བློན་པོ་ལ་ཝ་སེ་ནས་སྲིད་དབང་ཕྲོགས་རྗེས་སེ་ནའི་རིགས་ཀྱི་རྒྱལ་པོ་བཞི་སྟེ། ༡.ལ་ཝ་སེ་ན། ༢.དེའི་བུ་ཀ་སེ་ན། ༣.དེའི་བུ་མ་ཎི་ཏ་སེ་ན། ༤.དེའི་བུ་ར་ཐི་ཀ་སེ་ན་བཅས་ཡིན། རྒྱལ་པོ་འདི་དག་གི་རིང་ལ་སྲིད་དབང་བཟུང་བའི་ལོ་གྲངས་བསྡོམས་པའི་ལོ་བརྒྱད་ཅུ་མ་ཟིན་ཙམ་ལམ་མ་སོང་ཞེས་《རྒྱ་གར་ཆོས་འབྱུང་》ལས་གསལ། རྒྱལ་པོ་འདི་དག་གི་རིང་ལ་རྒྱ་གར་ཡུལ་དབུས་མ་གྷ་ངྷར་ཡང་སྟག་གཟིག་གི་ཆོས་ལུགས་དར་སྤེལ་ཤིན་ཏུ་ཆེན་པོ་བྱུང་ངོ།

language:
Tibetan

3. Thupten Phuntsok Dictionary

པཱ་ལའི་རིགས་ཀྱི་རྒྱལ་རྒྱུད་ཐ་མ་ཡཀྵ་པཱ་ལས་སྲིད་དབང་བཟུང་ནས་ལོ་གཅིག་མ་ཟིན་ཙམ་ལ་འི་བློན་པོ་ལ་ཝ་སེ་ནས་སྲིད་དབང་ཕྲོགས་རྗེས་སེ་ནའི་རིགས་ཀྱི་རྒྱལ་པོ་བཞི་སྟེ། ༡ ལ་ཝ་སེ་ན། ༢ དེའི་བུ་ཀ་ས་སེ་ན། ༣ དེའི་བུ་མ་ཎི་ཏ་སེ་ན། ༤ དེའི་བུ་ར་ཐི་ཀ་སེ་ན་བཅས་ཡིན།

language:
Tibetan