- bskal pa bzang po'i mdo/
- ID:
- T13637
- བསྐལ་པ་བཟང་པོའི་མདོ (Tibetan, Tibetan script, Original)
- > bskal pa bzang po'i mdo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kelpa zangpömdo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུ《མདོ་སྡེ་བསྐལ་བཟང》ཟེར་བ་དེ་ཡིན། སྡེ་དགེ་བཀའ་འགྱུར་དང་ལྷ་ས་ཞོལ་དཔར་མའི་བཀའ་འགྱུར་གཉིས་ཀའི《མདོ་མང》པོད[ཀ]པའི་ནང་ཡོད། རྒྱ་གར་གྱི་མཁན་པོ་བིཏྲ་ཀ་ར་སིརྙ་དང་ལོ་ཙཱ་བ་བན་དེ་དཔལ་དབྱངས་ཀྱིས་བསྒྱུར་བ་ལ་སྐ་བ་དཔལ་བརྩེགས་ཀྱིས་ཞུས་དག་མཛད་པ་ཡིན། ནང་དོན་ནི་བསྐལ་བཟང་སངས་རྒྱས་སྟོང་གི་མཛད་པའི་སྐོར་དོན་ཚན་བཅུ་བདུན་དུ་བསྡུས་ནས་གསུངས་པ་སྟེ། ༡་མཚན། ༢་འཁྲུངས་ཡུལ། ༣་ཡབ། ༤ཡུམ། ༥་རིགས། ༦རུས། ༧སྲས། ༨་འོད་ཚད། ༩ཤེས་རབ་ཅན་གྱི་མཆོག༡༠lརྫུ་འཕྲུལ་ཅཱན་གྱི་མཆོག༡༡རིམ་གྲོ་པ། ༡༢་འཁོར་འདུས་པའི་ཚད། ༡༣་སྐུ་ཚེའི་ཚད། ༡༤བསྟན་པའི་གནས་ཚད། ༡༥་སྐུ་གདུང་། ༡༦་མཆོད་རྟེན། ༡༧ཐུགས་བསྨོ་ཚུལ་བཅས་ཆ་ཚང་བར་གསུངས་ཡོད།
- language:
- Tibetan