- skyor mo lung dgon pa/
- ID:
- T13118
- སྐྱོར་མོ་ལུང་དགོན་པ (Tibetan, Tibetan script, Original)
- > skyor mo lung dgon pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyormolung gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[172] ལྷ་སའི་ནུབ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་རབ་བྱུང་གསུམ་པའི་ས་གླང་ལོ་ལ་སྦལ་ཏི་དགྲ་བཅོམ་པས་བཏབ་པའི་དགོན་པ་ཞིག་...
- language:
- English
2. dung dkar bod rig pa'i tshig mdzod chen mo
(སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས)དེ་སྔོན་བོད་དུ་བཀའ་གདམས་ཀྱི་བསྟན་པ་དར་འགོ་ཚུགས་ནས་ཡུན་རིང་མ་སོང་བར་སྦལ་ཏི་དགྲ་བཅོམ་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་དགུང་ལོ་ཞེ་གཅིག་ལ་ཕེབས་པ་རབ་བྱུང་གསུམ་པའི་ས་གླང(༡༡༦༩)ལོར་ཕྱག་བཏབ་པའི་བཀའ་གདམས་བརྒྱུད་འཛིན་གྱི་དགོན་པ་ཡིན་ཅིང་། མཆོད་རྟེན་གྱི་རྭ་བས་སྐྱོར་བ་ན་སྐྱོར་མོ་ལུང་ཞེས་འབོད། འདུལ་བ་དང་མཛོད་ཀྱི་བཤད་ཉན་དར་རྒྱས་ཆེན་པོ་ཡོད་པར་བརྟེན། རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཉི་ཤུར་ཕེབས་པ་མེ་འབྲུག(༡༡༩༦)ལོརསྐྱོར་མོ་ལུང་དུ་ཕེབས་ནས་མཁན་ཆེན་དཀའ་བཞི་པ་བློགསལ་གྱི་དྲུང་དུ་འདུལ་བའི་བཤད་པ་ཆ་ཚང་བ་གསནཞིང་རྒྱུན་རིང་བཞུགས། མཁན་ཆེན་ཆོས་རྒྱལ་བ་རྗེ་ཙོང་ཁ་པའི་དངོས་སློབ་ཏུ་གྱུར་ནས་དགེ་ལུགས་ཆོས་བརྒྱུདའཛིན་པའི་སྡེར་འགྱུར་བ་ཡིན། འཁྱམས་པ་ནི་ཐོག་མར་བཞེངས་པའི་ལྷ་ཁང་དེ་ཡིན། འཁྱམས་པ་དང་། ཕུ་ཁང་། མཚན་ཉིད་བཅས་གྲྭ་ཚང་གསུམ་དང་། ཚོགས་ཆེན། མངའ་རིས་བླ་བྲང་སོགས་འཛུགས་སྐྲུན་གཞི་ཁྱོན་ཆེ་བདང་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཡོད། སྔོན་དུས་དགོན་གནས་དེ་ཉིད་བཤད་སྐྲུབ་འཆད་ཉན་དར་རྒྱས་ཧ་ཅང་ཆེ་སྟབས་སེ་འབྲས་མ་ཆགས་གོང་དབུས་ཀྱི་གདན་ས་དྲུག(དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུབཅས་དགའ་སྐྱོ་ཟུལ་གསུམ་དང་། བདེ་བ་ཅན། གསང་ཕུ། གུང་ཐང་བཅས་བདེ་གསང་གུང་གསུམ)ཏུ་གྲགས་པའི་ཡ་གྱལ་ཞིག་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོདང་། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེནབསོད་ནམས་གྲགས་པ་སོགས་ཀྱིས་ཞལ་འཛིན་མཛད། དེ་རྗེས་བསོད་གྲགས་ཀྱི་སྐུ་སྐྱེ་ན་རིམ་ནས་འ། ཛིན་སྐྱོང་གནང་། སྐྱོར་མོ་ལུང་འདིར་ནང་གསེས་གྲྭ་ཚང་གསུམ་ཡོད། ༡་འཁྱམས་པ་གྲྭ་ཚང་ནི་དབང་ཡེ་ཤེས་སེང་གེས་བཙུགས་པར་གྲགས་ཤིང་ངོ་བོ་སྔགས་པ་གྲྭ་ཚང་ལ་ཚོགས་འདོན་དུ་གསང་འདུས། འཇིགས་བྱེད། ཀུན་རིགམགོན་པོ། ཆོས་རྒྱལ། རྣམ་སྲས་སོགས་ཀྱི་སྒྲུབ་མཆོད་དང་དུསགཏོར་གཏོང་། མདོ་ཕྱོགས་ཀྱི་སློབ་གཉེར་རྭ་བ་སྟོད་དང་། དགོན་པ་རང་ཁོངས་ཀྱི་མཚན་ཉིད་གྲྭ་ཚང་ལ་འགྲོ་སྲོལ་ཡོད། ༢་ཕུ་ཁང་ནི་སྦལ་ཏི་དགྲ་བཅོམ་པའི་དབོནབརྒྱུད་ཞིག་པོ་ཚུལ་ཁྲིམས་འོད་ཀྱིས་བཙུགས་ཤིང་། ཚོགས་འདོན་དུ་བདེ་མཆོག་གི་སྒྲུབ་མཆོད་དམིགས་བསལ་དུ་ཡོད་པ་ལས་གཞན་འཁྱམས་པ་གྲྭ་ཚང་དང་འདྲ། ༣མཚན་ཉིད་གྲྭ་ཚང་ནི་ཐོག་མར་སྦལ་ཏི་དགྲ་བཅོམ་པ་སྐུ་དངོས་ཀྱིས་བཙུགས་ཤིང་རབ་བྱུང་བརྒྱད་པའི་དཀྱིལཙམ་ནས་མཚན་ཉིད་ཀྱི་སློབ་གཉེར་བྱེད་སྲོལ་ནུབ་པརབརྟེན་དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་སྟག་ལུང་བྲག་པ་བློགྲོས་རྒྱ་མཆོས་དགོན་པ་འདིའི་མཁན་པོ་གནང་སྐབསམཚན་ཉིད་གྲྭ་ཚང་སླར་ཡང་གསར་འཛུགས་མཛད་དེ། ཕར་ཕྱིན་གྱི་ཡིག་ཆ་ནི་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་ལྔཔས་མཛད་པའི《ཕར་ཕྱིན་བློ་བཟང་དགོངས་རྒྱན》དང་། དབུ་མ་ནི་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛདཔའི《དབུ་མ་སྐལ་བཟང་མགུལ་རྒྱན》དང་སྐུ་ཕྲེང་ལྔ་པའི་གསུང་རྩོམ《དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུརྫིངས》མཛོད་ནི་རྩེད་ཐང་དྲུང་ཆེན་དངོས་གྲུབ་པསམཛད་པའི《བློ་གསལ་བློ་གྲོས་པདྲོ་ཁ་འབྱེད》དང་སྐུ་ཕྲེང་ལྔ་པའི་གསུང་རྩོམ《ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ》འདུལ་བ་ནི་སེར་བྱེས་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི《འདུལ་བ་སྐལ་བཟང་ནོར་བུའི་ཕྲེང་བ》རྣམ་འགྲེལ་ནི་རྭ་བ་སྟོད་དྲུང་ཆེན་ལེགས་པ་བཟང་པོས་མཛད་པའི་《བློ་རིགས》དང་གྲྭ་ཆུང་ཡོན་ཏན་རྒྱ་མཚོའི་《རྣམ་འགྲེལ་ལེའུ་བཞི》བཅས་ཡིན། སྐྱོར་མོ་ལུང་འདི་དེ་སྔོན་བོད་དུ་དགེ་ལུགས་པའི་ཆོས་བརྒྱུད་མ་དར་གོང་དབུས་གཙང་གདན་ས་ཆེན་པོ་དྲུག་ཅེས་གྲགས་པའི་ནང་གསེས་ཞིག་ཡིན། བར་ལམ་ཉམས་གུད་ཆེ་ཙམ་བྱུང་ཡང་རིམ་བཞིན་སླར་གསོ་བྱུང་སྟེ་དམངས་གཙོའི་བཅོས་བསྒྱུར་སྐབས་གྲྭ་གྲངས་བརྒྱ་དང་ཉི་ཤུ་ཙམ་ཡོད་པ་ནས་མདོསྔགས་ཀྱི་འཆད་༡ན་གནང་མུས་ཡིན། རིག་གནས་གསར་བརྗེའི་སྐབས་ཕུ་ཁང་གྲྭ་ཚང་དང་། མཚན་ཉིད་གྲྭ་ཚངསོགས་བསྐྲུན་དངོས་དང་། སྐུ་གསུང་ཐུགས་རྟེན་རྣམསགཏོར་སྐྱོན་བཏང་རུང་འཁྱམས་པ་གྲྭ་ཚང་སོགས་ཁག་གཅིག་ཚྭ་འཇུག་ཁང་བྱས་ཏེ་ལྷགད་ལྟ་ཉམས་གསོ་དང་འབྲེལ་སྐུ་བརྙན་ཁག་གཅིག་གསར་བཞེངས་བྱས་ཐོག་གྲྭགྲངས་སུམ་ཅུ་སྐོར་ནས་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་སྤེལ་བཞིན་ཡོད། 《སྐྱོར་མོ་ལུང་གི་གདན་རབས》ཞེས་ཁ་བྱང་དུ་འཁོད་པའི་དཔེ་རྙིང་བྲིས་མ་ཞིག་མཐོང་ཡང་ཞིབ་ཏུ་བལྟ་ཀློག་གི་གོ་སྐབས་མ་བྱུང་ལགས། སྐྱོར་མོ་ལུང་པ་ལ་འབྲི་ནང་གི་དམག་བཏེགས། །ཡོང་པ་ལ་འབྲི་གུང་པ་དང་ནང་པའི་དམག་དྲངས་པའི་ལོ་རྒྱུས་ཡོད་པ་དེ་ཡིན། དམག་འཁྲུག་འདིབྱུང་དུས་ནི《དེབ་ཐེར་དམར་པོ》ཡི་ནང་ཀརྨ་པ་རོལ་པའི་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་སྦྲུལ་གྱི་ལོ་རབ་བྱུང་དྲུག་པའི་ཆུ་སྦྲུལ(༡༣༥༣ལོ)ལ་བྱུང་བར་གསུངས། 《ཆོས་འབྱུང་མཁས་པའི་དགའ་སྟོན》དང《ཀམ་ཚང་ཆོས་འབྱུང་ནོར་བུ》གཉིས་ཀྱི་ནང་ཀརྨ་པ་རོལ་པའི་རྡོ་རྗེའི་ལོ་རྒྱུས་དང་། དགུང་ལོ་བཅོ་བརྒྱད་པར་རབ་བྱུང་དྲུག་པའི་མེབྱ(༡༣༥༧)ལོར་བྱུང་བར་གསུངས་པ་བཅས་མི་མཐུན་པ་འདུག《དེབ་ཐེར་དམར་པོ》ནི་ཀརྨ་པ་རོལ་པའི་རྡོ་རྗེདགུང་ལོ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་མེ་ཁྱི(༡༣༤༦)ལོར་བརྩམས་འགོ་ཚུགས་ནས་ཀརྨ་པ་རོལ་པའི་རྡོ་རྗེ་པེ་ཅིན་ནས་བོད་དུ་ཕྱིར་ཕེབས་མཛད་པའི་ལོ་སྟེ་རབ་བྱུང་དྲུག་པའི་ཆུ“་ཡོས(༡༣༥༡)ལོར་བརྩམས་གྲུབ་པ་ཡིན་ཅིང་། སྐབས་དེར་རྩོམ་པ་པོ་ངོ་མ་ཞལ་བཞུགས་པའིདུས་སྐབས་དང་ཁེལ་བར་བརྟེན《དེབ་དམར》ནང་དུ་འཁོད་པ་དེ་རང་ཁུངས་བཙན་པ་ཡོད་ངེས་སྙམ་པས་དཔྱད་པར་ཞུ།
- language:
- Tibetan
3. Thupten Phuntsok Dictionary
ལྷ་སའི་ནུབ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་རབ་བྱུང་གསུམ་པའི་ས་གླང་ལོ་ལ་སྦལ་ཏི་དགྲ་བཅོམ་པས་བཏབ་པའི་དགོན་པ་ཞིག
- language:
- Tibetan
4. smon lam tshig mdzod chen mo
ལྷ་སའི་ནུབ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་རབ་བྱུང་གསུམ་པའི་ས་གླང་ལོ་ལ་སྦལ་ཏི་དགྲ་བཅོམ་པས་བཏབ་པའི་དགོན་པ་ཞིག
- language:
- Tibetan