Skip to main content Skip to search
bi ma la mi tra/
ID:
T129418
  • བི་མ་ལ་མི་ཏྲ (Tibetan, Tibetan script, Original)
    • > bi ma la mi tra/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bima lamitra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

2. Ives Waldo Dictionary

  • Vimalamitra [Indian mahasandhi lineage master) meaning spotless spiritual friend. Went to Tibet at the time of the Tibetan king Trisong Deutsen.]

    language:
    English
  • Vimalamitra

    language:
    English

3. bod rgya tshig mdzod chen mo

[1827] ༼ལེགས༽ དྲི་མེད་བཤེས་གཉེན་ཏེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག་...

language:
English

4. dung dkar bod rig pa'i tshig mdzod chen mo

(འདི་ལེགས་སྦྱར་གྱི་སྐད་ཡིན་པས་བོད་སྐད་དུ་དྲི་མེད་བཤེས་གཉེན་ཞེས་ཞུ)བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག འདི་ཉིད་རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་ཞེས་པེ་ཁྱིམ་བདག་བདེ་ཆེན་འཁོར་ལོའི་སྲས་སུ་སྐུ་བལྟམས། སློབ་དཔོན་ཤྲཱི་སིངྒ་ལ་སོགས་པ་བསྟེན་ཏེ་རིག་པའི་གནས་བཅུ་ཕྲག་ལ་མཁས་ཤིང་། རྫོགས་པ་ཆེན་པོའི་ཕྱི་ནང་གསང་བའི་སྐོར་ཐུགས་ཉམས་སུ་བསྟར་བས་མཆོག་གི་དངོས་གྲུབ་བརྙེས་འདི་ཉིད་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་བནྡེ་ཛྙཱ་ན་ཀུ་མཱ་ར་གཉིས་ལ་ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། རྒྱལ་པོ་གསང་མཚན་ཚངས་པ་ལྷའི་མེ་ཏོག་ཅེས་གསོལ། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ནང་། མཁན་པོ་བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ། ཤནྟི་གརྦ། བི་ཤུངྷ་སིངྷི་སོགས་པ་དང་། བོད་ཀྱི་སད་མི་བདུན་དང་། ཆོས་ཀྱི་སྣང་བ་བན་ངྷེ་ནམ་མཁའ། སྒྲོ་རིན་ཆེན་སྡེ། རྣམ་པར་མི་རྟོག་པ། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་ཏེ་ཆོས་མང་པོ་བསྒྱུར་ཅེས་གསལ་བ་དང་། བསྟན་རྩིས་ཀུན་བཏུས་ནང་། ཁྲི་སྲོང་ལྡེ་བཙན་ནས་རལ་པ་ཅན་གྱི་བར་རྒྱ་གར་དུ་སློབ་དཔོན་བི་མ་ལ་མི་ཏྲ་སྔ་ཕྱི་གཉིས་བྱུང་བ་ལས། སྔ་མས་སྐྱབས་འགྲོ་ཡན་ལག་དྲུག་པ་དང་། ཤེར་སྙིང་རྒྱ་ཆེར་འགྲེལ་སོགས་བརྩམས། ཕྱི་མ་ནི་འདུལ་བ་བམ་པོ་ལྔ་བཅུ་པ་མཛད་པ་པོའོ་ཞེས་དེབ་སྔོན་ལས་བཤད་ཅེས་གསལ།

language:
Tibetan

5. Thupten Phuntsok Dictionary

〔ལེགས〕 དྲི་མེད་བཤེས་གཉེན་ཏེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག

language:
Tibetan

6. smon lam tshig mdzod chen mo

(ལེགས་སྦྱར།) དྲི་མེད་བཤེས་གཉེན་ཏེ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག

language:
Tibetan