Skip to main content Skip to search
phar phyin bcu/
ID:
T121243
  • ཕར་ཕྱིན་བཅུ (Tibetan, Tibetan script, Original)
    • > phar phyin bcu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > parchinchu (Tibetan, Latin script, Transcription-THL Simplified Tibetan Transcription)

སངས་རྒྱས་ཀྱི་སར་བསྒྲོད་བྱེད་ཀྱི་ཐབས་ལམ།

language:
Tibetan
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • the ten paramitas, 1-6) ཕར་ཕྱིན་དྲུག་ 7) ཐབས་ means, 8) སྟོབས་ strength / power, 9) སྨོན་ལམ་ aspiration, 10) ཡེ་ཤེས་ wisdom

    language:
    English
  • སྦྱིན་ཚུལ་བཟོད་བརྩོན་བསམ་ཤེས་ཐབས་དང་, སྨོན་ལམ་, ཡེ་ཤེས་སྟོབས་ the perfections of giving, moral practice, patience, effort, meditation, wisdom, and skillful means, aspirations, strength, and pristine awareness

    language:
    Tibetan
  • Ten paramitas. The six paramitas in addition to means, strength, aspiration and wisdom

    language:
    English

2. Ives Waldo Dictionary

  • the 10 paramitas [1-6) ཕར་ཕྱིན་དྲུག་ 7) ཐབས་ 8) སྟོབས་ 9) སྨོན་ལམ་ 10) ཡེ་ཤེས་. pha rol tu phyin pa bcu ste khams gsum gyi sdug bsngal rgya mtso dang 'dra ba 'das nas sa bcu rim gyis thob par byed pa'i sbyin pa dang, tsul khrims, bzod pa, brtson 'grus, bsam gtan, shes rab, thabs, smon lam, stobs, ye shes te bcu,//. the ten paramitas, 1-6) ཕར་ཕྱིན་དྲུག་ 7) ཐབས་ means, 8) སྟོབས་ strength/ power, 9) སྨོན་ལམ་ aspiration, 10) ཡེ་ཤེས་ wisdom

    language:
    English
  • the 10 paramitas

    language:
    English

3. bod rgya tshig mdzod chen mo

[1709] ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ་ཁམས་གསུམ་གྱི་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་འདས་ནས་ས་བཅུ་རིམ་གྱིས་ཐོབ་པར་བྱེད་པའི་སྦྱིན་པ་དང། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྨོན་ལམ། སྟོབས། ཡེ་ཤེས་ཏེ་བཅུ། ...

language:
English

4. dung dkar bod rig pa'i tshig mdzod chen mo

ཐུབ་པ་ཆེན་པོའི་ཞལ་ནས། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་དང་། །ཐབས་དང་སྟོབས་དང་སྨོན་ལམ་དང་། །ཡེ་ཤེས་ཕ་རོལ་ཕྱིན་པ་བཅུ། ཞེས་གསུངས་པ་ལྟར། སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་གི་སྟེང་དུ་ཐབས་ལ་མཁས་པའི་ཕར་ཕྱིན་ད་ང། སྟོབས་ཀྱི་ཕར་ཕྱིན། སྨོན་ལམ་གྱི་ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་བཅས་བཞི་བསྣན་པས་བཅུའོ། །འདིར་ཐབས་ལ་མཁས་པ་ཟེར་བ་ནི་ནང་པ་སངས་རྒྱས་ཀྱི་ཆོས་འགྲུབ་པ་ལས་བརྩམས་པའི་ཐབས་མཁས་དྲུག་དང་ཕྱིའི་སེམས་ཅན་སྨིན་པར་བྱ་བ་ལ་བརྩམས་པའི་ཐབས་མཁས་དྲུག(༡སེམས་ཅན་གྱི་དགེ་རྩ་ཆུང་ངུ་རྣམས་ཚད་མེད་པར་བསྒྱུར་བ། ༢ཚེགས་ཆུང་ངུས་དགེ་རྩ་ཆེན་པོ་བསྒྲུབ་པ། ༣སྟོན་པ་ལ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བ། ༤བར་མར་གནས་པ་རྣམས་བསྟན་པར་འཛུད་པ། ༥ཞུགས་པ་རྣམས་སྨིན་པར་བྱེད་པ། ༦སྨིན་པ་རྣམས་སྒྲོལ་བར་བྱེད་པའོ)འདུས་ཡོད།

language:
Tibetan

5. Thupten Phuntsok Dictionary

ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ་ཁམས་གསུམ་གྱི་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་འདས་ནས་ས་བཅུ་རིམ་གྱིས་ཐོབ་པར་བྱེད་པའི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྨོན་ལམ། སྟོབས། ཡེ་ཤེས་ཏེ་བཅུ།

language:
Tibetan

6. smon lam tshig mdzod chen mo

ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཁམས་གསུམ་གྱི་སྡུག་བསྔལ་རྒྱ་མཚོ་དང་འདྲ་བ་འདས་ནས་ས་བཅུ་རིམ་གྱིས་ཐོབ་པར་བྱེད་པའི་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྨོན་ལམ། སྟོབས། ཡེ་ཤེས་ཏེ་བཅུ།

language:
Tibetan