- skyid lde nyi ma mgon/
- ID:
- T11225
- སྐྱིད་ལྡེ་ཉི་མ་མགོན (Tibetan, Tibetan script, Original)
- > skyid lde nyi ma mgon/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > kyindé nyimamgön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
མངའ་བདག་དཔལ་འཁོར་བཙན་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་སྲས་ཡིན། བཙན་པོ་གླང་དར་མ་བཀྲོངས་པའི་རྗེས་སུ་འབངས་གྱེན་ལོག་བྱུང་སྟེ་མངའ་བདག་དཔལ་འཁོར་བཙན་བཀྲོངས་ནས་བོད་ས་གནས་ཀྱི་སྲིད་དབང་མངའ་བདག་ཡུམ་བརྟན་ལ་ཤོར་བར་བརྟེན། དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་སྟོད་ཕྱོགས་སུ་ཡུལ་བྱོལ་དུ་ཕེབས་ཤིང་། སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་སུ་ཕེབས་སྐབས་དགེ་བཤེས་བཀྲ་ཤིས་བཙན་གྱིས་སྤུ་རེངས་སུ་བཞུགས་པར་ཞུས་ཏེ་འབྲོ། བཟའ་འཁོར་སྐྱོང་བཙུན་མོར་ཕུལ་བ་ཁབ་ཏུ་བཞེས་པ་ལ། སྲས་གསུམ(ཆེ་བ་དཔལ་གྱི་མགོན། འབྲིང་པོ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་བཅས)བྱུང་འིང་། སྐུ་མཁར་ཉི་བཟུངས་བརྩིགས་ཏེ་མངའ་རིས་སྐོར་གསུམ་དབང་དུ་བསྡུས་ནས་སྲས་གསུམ་ལ་སྐོར་གསུམ་སོ་སོར་བགོས་ནས་གནང་འིང་། ཆེ་བ་དཔལ་གྱི་མགོན་ལ་མངའ་རིས་མར་ཡུལ། འབངས་ཁུ་ནག་བཙན། ཤར་རུ་ཐོག་དང་། གསེར་ཁ་གོགལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་རྭ་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་གཡག་ལྡེར། རྡོ་བུག་པ་ཅན་ཡན་ཆད་དང་། བྱང་གསེར་ཁ་མགོན་པོ། ནུབ་ཁ་ཆེའི་ལ་རྩ་ལ་གཏོགས་པ་རྣམས་གནང་། བར་པ་བཀྲ་ཤིས་མགོན་ལ་གུ་གེ་སྤུ་ཧྲེངས་རྩེ་དང་བཅས་པ་གནང་། ཆུང་བ་ལྡེ་གཙུག་མགོན་ལ་ཟངས་དཀར་སྒོ་གསུམ། སྦི་ཏི། སྦི་ཆོག་དང་བཅས་པ་གནང་བ་ཡིན། ཞིབ་པར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་དཔར་སྐྲུན་བྱས་པའི《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ཤོག་གྲངས༡༨༤ནས༡༨༥བར་གསལ་བ་དེར་གཟིགས། གཞན་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་སྟོད་ཆ་གྲངས༤༣༤ནས༤༣༥བར་འདི་དང་བཤད་ཚུལ་མི་འདྲ་བ་འདུག་ཀྱང་། འདིར་ཀ་ཐོག་རིག་འཛིན་ཆེན་པོས་མཛད་པའི《བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བ》ནས་གསུངས་པ་དེ་རང་ཁུངས་བཙན་པར་བསམས་ནས་དེ་ལྟར་བྲིས་པ་ལགས།
- language:
- Tibetan
3. Thupten Phuntsok Dictionary
མངའ་བདག་དཔལ་འཁོར་བཙན་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་སྲས་ཡིན། བཙན་པོ་གླང་དར་མ་བཀྲོངས་པའི་རྗེས་སུ་འབངས་གྱེན་ལོག་བྱུང་སྟེ་མངའ་བདག་དཔལ་འཁོར་བཙན་བཀྲོངས་ནས་བོད་ས་གནས་ཀྱི་སྲིད་དབང་མངའ་བདག་ཡུམ་བརྟན་ལ་ཤོར་བར་བརྟེན། དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་སྟོད་ཕྱོགས་སུ་ཡུལ་བྱོལ་དུ་ཕེབས་ཤིང་། སྐྱིད་ལྡེ་ཉི་མ་མགོན་སྟོད་མངའ་རིས་སུ་ཕེབས་སྐབས་དགེ་བཤེས་བཀྲ་ཤིས་བཙན་གྱིས་སྤུ་རེངས་སུ་བཞུགས་པར་ཞུས་ཏེ་འབྲོ་བཟའ་འཁོར་སྐྱོང་བཙུན་མོར་ཕུལ་བ་ཁབ་ཏུ་བཞེས་པ་ལ་སྲས་གསུམ (ཆེ་བ་དཔལ་གྱི་མགོན། འབྲིང་པོ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་བཅས) བྱུང་ཞིང་། སྐུ་མཁར་ཉི་བཟུངས་བརྩིགས་ཏེ་མངའ་རིས་སྐོར་གསུམ་དབང་དུ་བསྡུས་ནས་སྲས་གསུམ་ལ་སྐོར་གསུམ་སོ་སོར་བགོས་ནས་གནང་།
- language:
- Tibetan
4. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་གཙང་གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་འཁོར་བཙན་དང་། ཡུམ་སྣ་ནམ་བཟའ་ལེགས་བཙུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ཡབ་དཔལ་འཁོར་བཙན་བོད་ལུགས་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 923 ལོར་སྟག་རྩེ་སྙགས་ཀྱིས་བཀྲོངས་རྗེས་མངའ་[124]བདག་ཡུམ་བརྟན་ཕྱོགས་ཀྱིས་གཡོ་རུ་ལ་སོགས་པའི་མངའ་ཁོངས་རྣམས་འཕྲོགས་པས་ཁོང་ཉིད་སྟོད་མངའ་རིས་ཕྱོགས་སུ་ཕེབས་ཏེ་བོད་ལུགས་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 934 ལོར་ར་ལ་ཁ་དམར་བརྩིགས་པ་དང་། དེའི་ཕྱི་ལོ་སྟེ་སྤྱི་ལོ 935 ལོར་རྩེ་ཐོ་རྒྱ་རི་བརྩིགས་ནས་དམ་ལག་གི་གཞུང་རྣམས་ལ་ཡུལ་དང་གྲོང་ཁྱེར་མང་པོ་གསར་དུ་འཛུགས་པ་དང་། དེ་ནས་མངའ་རིས་སྐོར་གསུམ་དབང་དུ་བསྡུས་ཏེ་མངའ་རིས་ཀྱི་རྒྱལ་པོ་མཛད་ཅིང་། པུ་རངས་སུ་སྐུ་མཁར་ཉི་གཟུངས་ཞེས་བྱ་བ་བརྩིགས་ཏེ་མངའ་རིས་རྒྱལ་རབས་ཀྱི་ལྟེ་བར་གྱུར། མང་དཀར་དང་ཁྱུང་པོ་དཔལ་ལྡན་གྲུབ། ཞང་པ་ཚབ་རིན་ཆེན་ལྡེ། ཅོག་རོ་ལེགས་སྒྲ་ལྷ་ལེགས་སོགས་ཀྱིས་བློན་པོ་མཛད་ཅིང་། བཙུན་མོ་པ་ཚབ་མ་དང་། ཅོག་རོ་བཟའ་ཟངས་ཁ་མ་གཉིས་ཁབ་ཏུ་བཞེས་ཏེ་རིགས་སྲས་དཔལ་གྱི་རིག་པ་མགོན་དང་། བཀྲ་ཤིས་ལྡེ་མགོན། ལྡེ་གཙུག་མགོན་གསུམ་རིམ་བཞིན་སྐུ་འཁྲུངས། སྐུ་མཁར་ཉི་གཟུངས་གྲུབ་པའི་ཞལ་སྤྲོའི་སྐབས་སུ་ “སེམས་ཅན་སྤྱི་མཐུན་ལས་ལ་ལེགས་གྲུབ་པ། ཉི་མ་ཞེས་བྱ་དེ་ཡི་གྲོགས་སུ་ནི། པུ་རངས་ཞེས་བྱར་བོད་ཀྱི་རྒྱལ་ཁབ་བྱུང་། སངས་རྒྱས་བསྟན་པའི་ཉི་མ་དེང་འདིར་ཤར།” ཞེས་ཀ་ཐོགཿ རིག་འཛིན་ཚེ་དབང་ནོར་བུས་མཛད་པའི《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》། ཞེས་པའི་ནང་དུ་འཁོད་འདུག་གོ།
- language:
- Tibetan